e-texts navigator
Collection
Volume
Page
Wylie

9a1 ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྨྲས་སོ།།
9a2 དེ་ནསོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས
9a3 ཀྱི་བུ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན
9a4 དག་འར་ཡང་དག་པར་སྟོན་པར་བྱེད་པ་དང་། ཟན་གླེགས་བམ་ལ་བྲིས་ཏེ་འཆང་བར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་སངས་རྒྱས་ཀྱི་བྱིན
9a5 གྱིས་འཕོ་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་པར་རིག་པར་བྱའོ།། དེ་དག་ལ་འཆི་བའི་འཇིགས་པ་མི་འབྱུང་བར་རིག་པར་བྱའོ།། དེ་དག
9a6 གཤིས་འཆི་བར་མི་འགྱུར་རོ།། དེ་དག་ཕ་རོལ་གྱི་གནོད་པས་འཆི་བར་མི་འགྱུར་རོ།། དེ་དག་ལ་ཆུ་དང་། ཆོམ་རྐུན་དང་། དུག་དང་། མཚོན་གྱི་འཇིགས་པ་ས
9a7 འབྱུང་བ་ཆེས་པར་བྱའོ།། དེ་ནས་ལྔའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྲུང་བ་ལུང་བསྟན་པ་འདི་ལྟ་བུ་འདི་ཤེས།
9a8 ནས་ཚེ་མ་གྲངས་འདི་བཟུང་བའི་ཕྱིར་ལྷའི་བུ་སྟོང་ཆང་བས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་བྱིན་པ་དང་།




iiif viewer powered by OpenSeadragon

8b - 9b

Texts on this page

Ng52.137 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo