e-texts navigator
Collection
Volume
Page
Wylie

8b1 འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ལྡེག་རབ་ཏུ་ལྡག། ཀུན་ཏུ་རབ་ཏུ་ལྡེག། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུགས་རབ
8b2 ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ས་བྲའི་ལྷ་རྣམས་ཀྱིས་ཀྱང་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་བཟུང
8b3 བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས། དོན་ཐམས་ཅད་ཐུགསུ་ཆུད་པའི་དེ
8b4 བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྒྲ་སྒྲགས་སོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ
8b5 ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་རིས་རྣམས་དང་།
8b6 ཚངས་རྙིས་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་པ་ཆེན་པོ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་གྱིས་ས་བྲའི་ལྷ་རྣམས་ཀྱི་སྒྲ་དེ་ཐོས་ན།
8b7 ཡི་རངས་ཤིང་རབ་ཏུ་དགའ་ལ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཚིག་འདི་སྐད་ཅེས་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱི་དེ་བཞིན་གཤེགས་པའི
8b8 མཚན་རྣམས་བཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུངས་ཤིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས




iiif viewer powered by OpenSeadragon

8a - 9a

Texts on this page

Ng52.137 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo