| e-texts navigator |
| Wylie |
3a1 བྱ་བ་ད་ལྟ་བཞུགས་ཏེ་འཚོ་ཞིང་བཞེས་ཏེ། གཞོན་ནུ་ཁྱོད་བྱ་བ་འགའ་ཞིག་གི་ཚེ་ཤར་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན
3a2 གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་སོང་ན་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་རོ།།
3a3 དེའི་ཚེ་མ་གཡེངས་པར་དེ་ཡིད་ལ་བྱས་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཚེ་ཚིགས་སུ་བཅད་པ
3a4 འདི་བཀའ་སྩལ་ཏོ།། རྫོགས་པའི་སངས་རྒྱས་ཐུབ་པ་ཆེ།། རྗེ་ལ་རབ་ཏུ་ཕྱག་འཚལ་ཏེ།། རྟག་ཏུ་དེ་ནི་མངོན་བྱེད་ཅིང་།། འགྲོ་ན་ཁྱོད་ལ་འཇིགས་མི་འབྱུང་།།
3a5 གཞོན་ནུ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དབུ་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་མུན་པ་དང་མུན་ནག་གི་ཚོགས་བཅོམ་པ
3a6 ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྒྲེངས
3a7 པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚེ་ཞིང་བཞེས་སོ།། གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར
3a8 ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་ཀྱི།