e-texts navigator
Collection
Volume
Page
Wylie

2b1 བགྱིད་ལ། བཅོམ་ལྡན་འདས་བདག་ཀྱང་གང་གི་ལྗོངས་གཞན་དུ་མཆི་བའི་ཚེ། བདག་ལ་ཡང་ཆོམ་རྐུན་པ་དག་རྣམ་པར་འཆེ་བར་བགྱིད་ཅིང་། གཅན
2b2 གཟན་དག་ཀྱང་རྣམ་པར་འཚེ་བར་བགྱིད་ན། དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག
2b3 ལ་ཐུགས་བརྩེ་བའི་སླད་དུ་ཅི་ནས་ཀྱང་བདག་ལ་མི་འམ། མི་མ་ལགས་པ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཆེ་བར་མི་བགྱིད་པ།
2b4 དེ་ལྟར་བདག་ལ་ལེགས་པར་བསྲུང་བ་མཛད་དུ་གསོལ། བསྲུང་བའི་ཆོ་ག་ཡང་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཤཱཀྱ
2b5 གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ།།
2b6 བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ན་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ
2b7 འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམ
2b8 ཉོན་མོངས་པ་ཐམས་ཅད་སྐྱོད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་སྤྱོད་པ་ཞེས




iiif viewer powered by OpenSeadragon

2a - 3a

Texts on this page

Ng52.137 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo