e-texts navigator
Collection
Volume
Page
Wylie

10b1 གསོལ་ཏེ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས
10b2 དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ
10b3 བར་ཟུངས་ཤིག། དེ་བཞིན་གཤེགས་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་དང་། དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་དང་། མཚན་ཉིད་མེད་པར་རྟོགས་པ་ཞེས
10b4 བྱ་བར་ཡང་ཟུངས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། སྲོག་ཆགས་སྟོང་ཚང་བ་དེ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དགེ་སློང་དེ་དག
10b5 དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
10b6 མངོན་པར་བསྟོད་དོ།། ། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང
10b7 ཧ་དང་། ལོཙྪ་བ་བནྡེ་རྩངས་དེ་བེན་ད་རཀྵི་ཏས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། མངྒ་ལཾ།
10b8 ཚེ་དང་ལྡན་པ་ཀུན་དགུ་ལོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཤཱཀྱ་གཞོ་ནུ་བཞིན་རབ་གསལ་དང་།




iiif viewer powered by OpenSeadragon

10a - 1a

Texts on this page

Ng52.137 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo