e-texts navigator
Collection
Volume
Page
Wylie

5b1 པ་ལྔ་ལ་སོགས་ཏེ། གསུང་རབ་ཀུན་ལས་འགལ་བའི་སྡིག་པ་མི་དགེ་བའི་ལས་བདག་གིས་ཅི་བགྱིས་པ་དང་། གཞན་ལ་བཅོལ་བ་དང་། གཞན་བགྱིད་པ་ལ་རྗེས
5b2 སུ་ཡི་རང་བ་དེ་དག་རྡུལ་ཙམ་བག་ཙམ་ཡང་མ་ལུས་པར་མཐོལ་ཞིང་བཤགས་སོ།། སྦྱངས་ཤིང་བསལ་ཏོ།། གཞིག་ཅིང་འདོན་ཏོ།། མི་འཆབ་པོ།། མི་སྦེད་དོ།། མི
5b3 བསྙེན་མི་བགྱིད་དོ།། དེ་ནས་དེའི་ཚེ་སྡིག་པ་ཐམས་ཅད་ནི་བྱང་། བསོད་ནམས་ཐམས་ཅད་ནི་རྫོགས་ཏེ། དུས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དགོངས་པི
5b4 དབང་གིས་ཆེད་དུ་སྤྲུལ་པ་མ་གཏོགས་པར་ན་མ་ནམ་ཞར་ཞར་ཆེ་ཚེ་རབས་རབས་སུ་ངན་སོང་གསུམ་ལ་སོགས་ཏེ། བགེགས་རིགས་ཐམས་ཅད་དུ་མི་སྐྱེ་ཞིང་མི་ལྟུང
5b5 བར་ཤོག་ཅིག། ལོག་པ་མི་དགེ་བའི་ལས་ལ་མི་ཕྱོགས་མི་བགྱིད་པར་ཤོག་ཅིག། ལས་དང་ཉོན་མོངས་པའི་རྒྱུ་ལ་མི་ཕྱོགས་མི་སོགས་པར་ཤོག་ཅིག། སྤད་པའི
5b6 ལུས་དང་སྡུག་བསྔལ་གྱི་འབྲས་བུ་ཀུན་ལས་ཐར་ནས་ཕྱིན་ཆད་མི་མྱོང་བར་ཤོག་ཅིག། དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་ནས
5b7 དགེ་བ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་ཤོག་ཅིག། ཚེ་རབས་གར་སྐྱེས་ཀྱང་བདེ་སྐྱིང་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ
5b8 མཐུ་དང་དབང་ཡོད་པར་ཤོག་ཅིག། གང་དེ་བཞིན་གཤེགས་པ་འབའ་ཤིག་གི་ཐུགས་སུ་ཆུད་པའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འཚང་རྒྱ་བའི་དོན་དེ




iiif viewer powered by OpenSeadragon

5a - 6a

Texts on this page

Ng52.135 - dpang skong phyag brgya pa zhes bya ba