e-texts navigator
Collection
Volume
Page
Wylie

4b1 སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་ལོ།། བྱང
4b2 ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར
4b3 སེལ་བ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས
4b4 དཔའ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ།། ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཤེས་རབ་ཆེན
4b5 པོའི་མཆོག་འཕགས་པ་ཤཱ་རིའི་བུ་ལ་ཕྱག་འཚལ་ལོ།། རྫུ་འཕྲུལ་ཆེ་བའི་མཆོག་འཕགས་པ་མོའུ་གལ་གྱི་བུ་ལ་ཕྱག་འཚལ་ལོ།། མང་དུ་ཐོས་པའི་མཆོག་འཕམ
4b6 པ་ཀུན་དགའ་བོ་ལ་ཕྱག་འཚལ་ལོ།། སྦྱངས་པའི་ཡོན་ཏན་གྱི་མཆོག་འཕགས་པ་འོད་སྲུངས་ལ་ཕྱག་འཚལ་ལོ།། བསླབ་པ་ལ་གུས་པའི་མཆོག་འཕགས་པ་ནོར་སྦྱིན
4b7 འཛིན་ལ་ཕྱག་འཚལ་ལོ།། འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བ་འཁོར་ལ་ཕྱག་འཚལ་ལོ།། རྫུ་འཕྲུལ་གྱི་སྤྱན་མངའ་བའི་མཆོག་འཕགས་པ་མ་འགགས
4b8 པ་ལ་ཕྱག་འཚལ་ལོ།། འདྲི་ཞིང་ལན་ལྡན་པའི་མཆོག་འཕགས་པ་རབ་འབྱོར་ལ་ཕྱག་འཚལ་ལོ།། འཕགས་པ་དགྲ་བཅོམ་པའི་དགེ་འདུན་ཐམས་ཅད་ལ་ཕྱག




iiif viewer powered by OpenSeadragon

4a - 5a

Texts on this page

Ng52.135 - dpang skong phyag brgya pa zhes bya ba