| e-texts navigator |
| Wylie |
1b1 #། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དབང་སྐོང་ཕྱག་རྒྱ་བ་ཞེས་བྱ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས
1b2 མཐའ་ཡས་མུ་མེད་པ་དག་ན། དུས་གསུམ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས
1b3 པ་རབ་འབྱམས་མ་ལུས་པའི་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག
1b4 འཚལ་ལོ།། ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ
1b5 དན་མེད་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ།། ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོ་དེ་བཞིན་གཤེགས་པ་ལ
1b6 ཕྱག་འཚལ་ལོ།། བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབང་པོ་དེ་བཞིན་གཤེགས་པ་ཕྱག་འཚལ་ལོ།། བྱང་ཤར་མཚམས་ཀྱི
1b7 སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ།། ཤར་ལྷོ་མཚམས་ཀྱི་སངས་རྒྱས