| e-texts navigator |
| Wylie |
2b1 གང་དུ་ཡང་མི་འགྲོའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། གཞན་ལ་ཕན་ཕྱིར་དུ་ལུས་དྲི་མ་མེད་པ་ཤིན་ཏུ་རྒྱས་པའི་ཡོན
2b2 ཏན་རྒྱ་མཚོ་དང་། ལྷ་ཡུལ་དུ་རྣམ་པར་འཕྲོ་བ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་། སྟོབས་ཀྱི་ཕ་རོལ་གནོན་པས་བཅོམ་ལྡན་འདས་དགེ་སློང
2b3 སྟོང་ཉིས་བརྒྱ་ལྔ་བཅུ་དག་གིས་ཡོངསུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངས་རྒྱུ་ཞིང་གཤེགས་ནས་ནགས་ཚལ་ཞིག་ཏུ་གཤེགས་པ་དང་། མེ་ཏོག་དྲི་ཞེམ་པ་རྣ
2b4 པ་སྣ་ཚོགས་ཀྱིས་བརྒྱན་པའི་ས་ཕྱོགས་དག་གཟིགས་སོ།། གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
2b5 ས་འདི་ཤིན་ཏུ་མཛེས་པ་དང་། ཡིད་རབ་ཏུ་དང་བས་དེ་བཞིན་གཤེགས་པའི་སྟན་ཐིངས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བཞིན་གདན་བཏིང་ངོ་།།
2b6 གདན་བཏིང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གདན་བཏིང་ལགས་ན། བཅོམ་ལྡན་འདས་གཙོ་བོ་མཆོག་མི་ལ་མཆོག་སྩོལ་དམ་པ
2b7 སྲིད་བཅིངས་གྲོལ། གཞུགས་ཏེ་མི་ལ་སྨན་སླད་ཐར་བར་བགྱིད།། བཀའ་མཆིད་བདུད་རྩི་གསུང་བར་ཞུ། དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས།།
2b8 དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་བྱ་བ་བྱེད་པའི་དྲང་སྲོང་དམ་པ་སེམས་ཅན་མཆོག་གི་སྙིང་པོ་བཟོད་པ་དང་བརྩོན་འགྲུས་བློ་གྲོས་ཡོན་ཏན་དཔག