e-texts navigator
Collection
Volume
Page
Wylie

4a1 ཡེ་བསལ་བ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་གྱུར་པ། ཐུགས་རྗེ་ཤིན་ཏུ་རླབས་ཆེ་བ། སྙིང་སྟོབས་དཔག་ཏུ་མེད་པ། བྱང་ཆུབ་སེམས
4a2 དཔའ་དོན་ཇི་ལྟ་བ་ཉིད་ལ་ཕྱག་འཚལ་ལོ།། ཞེས་སྨྲས་ནས། དེ་ནས་དོན་དེ་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་སྨན་ནོ།། དེ་ནས་དེའི་སྤྱོད་པས་ངོ་མཚར་གྱུར
4a3 པའི་སློབ་མ་དང་། དྲི་ཟ་གནོད་སྦྱིན་ཀླུ་དང་སུམ་ཅུ་རྩ་སུམ་གྱི་བདག་པོ་རྣམས། འཕྲེང་བ་ན་བཟའ་རྒྱན་དང་ཙན་དན་ཕྱེ་མའི་ཆར་པ་བབ་པས། དེའི་སྐུ་གདུང་འཛིན་པའི
4a4 ས་བཞི་ཁེབས་པར་བྱས། དེ་བས་ན་དེ་ལྟར་བཅོམ་ལྡན་འདས་དེའི་སྐུ་ཚེ་སྔ་མ་ཡང་། དེ་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་རབ་ཏུ་བྱམས་པའི་རང་བཞིན་ཅན། སེམས
4a5 ཅན་ཐམས་ཅད་ལ་བདག་གི་མར་གྱུར་པ་ཡིན་པས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རབ་ཏུ་དང་པར་བྱའོ།། དད་པ་སྐྱེས་པ་རྣམས་ཀྱི་སངས་རྒྱས་བཅོམ་ལྡན
4a6 འདས་རྣམས་ལ་དགའ་བ་བསྐྱེད་པར་བྱའོ།། དེ་ལྟ་བས་ན་བདག་གིས་དད་པའི་གནས་ཡིན་ནོ།། ཞེས་པ་དེ་ལྟར་ཡང་སྦར་བར་བྱའོ།། དེ་ལྟར་ཆོས་ཀྱང་བྱ་དཀའ་བ་མེད
4a7 པོ་བསྒྲུབས་པའི་ཕྱིར་རིམ་གྲོ་བསྐྱེད་དེ། ཆོས་མཉན་པར་བྱའོ།། དེ་ལྟར་སྙིང་རྗེ་ནི་གཞན་ལ་ཕན་འདོད་པའི་རྒྱུ་ཡིན་ཞིང་། ངོ་བོ་ཉིད་ཁྱད་པར་ཅན་བསྒྲུབས་པ་ཡིན་པའི་ཕྱིར།
4a8 སྙིང་རྗེའི་ཡོན་ཏན་བསྔགས་པ་ལོའང་སྦྱར་བར་བྱའོ།། བྱང་ཆུབ་སེམས་དཔའི་རྒྱུད་ལས་རྫོགས་པ་དང་པོའི་ལེའུ་རྫོགས་སོ།། གཅིག་ཞུས། མངྒ་ལ།།




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.133 - stag mos zhus pa