e-texts navigator
Collection
Volume
Page
Wylie

2b1 ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ།། དམ་པའི་ཆོས་ནི་ཐོག་མར་དགེ་བ།
2b2 བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ།། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས
2b3 ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས
2b4 སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།
2b5 མི་མཐུན་པ་མེད་ཅིང་། འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ།། ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་བཞུགས་པ། རིག་པར་བཞུགས་པ། དྲད
2b6 པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང
2b7 བ་ཆེན་པོ།། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་ནས་སུ་གྱུར་པ་ཆེན་པོའོ།། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། དགེ
2b8 འདུན་ཡོན་ཏན་བསམ་མི་ཁྱབ། བསམ་མི་ཁྱབ་ལ་དང་བྱས་པའོ།། རྣམ་པར་སྨིན་པའང་བསམ་མི་ཁྱད། རྣམ་དག་ཞིང་དུ་སྐྱེ་བར་ཤོག། མངྒ་ལམ།




iiif viewer powered by OpenSeadragon

2a - 1a

Texts on this page

Ng52.128 - dkon mchog rjes su dran pa