e-texts navigator
Collection
Volume
Page
Wylie

2a1 ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་རྨང་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། དེ་བཞིན།
2a2 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་།
2a3 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་ཁྱོད་དེ་བཞིན
2a4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས
2a5 ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས
2a6 བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན།
2a7 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང་། མི་ཉམས་ལ། ཡོངས་སུ་མི་ཉམས་ཏེ། ཁྱད




iiif viewer powered by OpenSeadragon

1b - 2b

Texts on this page

Ng52.125 - 'phags pa byams pas zhus pa zhes bya ba theg pa chen po'i mdo