| e-texts navigator |
| Wylie |
2a1 གནས་སྟེར་དང་།། དད་དང་ཚུལ་ཁྲིམས་ཕུན་ཚེགས་ལྡན།། མཁས་ཤིང་སེར་སྣ་དང་བྲལ་ཞིང་། འདོད་པ་ཀུན་ལ་མ་ཆགས་ན།། རྟག་ཏུ་སེམ
2a2 ཅན་ཕན་བརྩོན་པའི།། སྐྱེ་བོ་ད་ནི་བདེ་འགྲོར་འགྲོ། སྐྱེ་བོ་དེ་ནི་མཐོ་རིས་སྐྱེ།། དེ་ནི་ཉིན་དང་མཚན་རྣམས་སུ།། རྟག་ཏུ་བསོད་ནམས་འཕེལ་བར་འགྱུར།། སེར་སྣ་དང
2a3 ལྡན་ལྷར་མི་འགྲོ།། བྱིས་དེ་སྦྱིན་པ་སྟེར་མི་བྱེད།། བརྟན་རྣམས་སྦྱིན་པ་ཡི་རངས་པ།། དེས་འདི་གཞན་དུ་བདེ་བར་འགྱུར།། ཞིང་གྱི་སྐྱོན་ནི་རྩ་ཡིན་ལྟར།། སྐྱེས་བུ་འདི
2a4 ལ་འདོད་ཆགས་སྐྱོན།། དེ་བས་ཆགས་དང་བྲལ་རྣམས་ལ།། བྱིན་དང་འབྲས་བུ་ཆེན་པོར་འགྱུར།། གང་ཞིག་སངས་རྒྱས་ཆོས་རྣམས་དང་།། དགེ་འདུན་དག་དང་མཆོད
2a5 རྟེན་དང་།། སྐྱེས་པ་འམ་ཡང་ན་བུད་མེད་དག། ཚུལ་ཁྲིམས་ལྡན་པའི་མི་ལ་བྱིན།། གང་དང་གང་དུ་སྐྱེ་འགྱུར་བ།། ཇི་ལྟར་མི་ཡི་རྒྱལ་པོ་བཞིན།། ལྷ་རྣམས་ཀྱི་ནི
2a6 མཆོག་འགྱུར་ཞིང་།། ལྷག་པའི་རྒྱལ་པོ་བྱེད་པར་འགྱུར།། ཁོར་བར་ཡོངས་སུ་འཁོར་བ་ན།། སྦྱིན་པ་མ་གཏོགས་གཉེན་མེད་པར་བློ་ལྡན་ཕུན་ཚོགས་འདོད་པ་ཡིས།།
2a7 རབ་ཏུ་འབད་དེ་སྦྱིན་པ་བྱིན།། གང་ཞིག་མདའ་རྒྱང་གང་ཙམ་ཞིག། ས་འདི་ས་འདི་སྦྱིན་པ་རབ་གཏོང་བ།། དེ་ནི་ལྷ་ཡི་གནས།། མཐོ་རིས་དག་ཏུ་བསྐལ་པར་དགའ།།
2a8 གང་ཞིང་ཀུན་དགའ་ར་བ་ཙམ།། བའི་སྦྱིན་པར་གཏོང་བྱེད་པ།། ཚངས་པའི་མདུན་ན་རབ་སྤྱོད་དེ།། མཐོ་རིས་དག་ཏུ་བསྐལ་པར་དགའ།། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར།།