| e-texts navigator |
| Wylie |
2a1 ཨོཾ་ཀྲོ་ཏ་ཙཀྲ། ར་ཙ་སརྦ་ཧ་ན་ཧུཾ་ཕཊ། ཁྲོ་རྒྱལ་འཁོར་ལོ་སྒྱུར་རྒྱལ་གྱིས།། གཏེར་དང་རིན་ཆེན་འབྲུ་དང་མཛོད།།
2a2 རྒྱལ་པོ་བཙུན་མོ་འབངས་འཁོར་བཅས།། ཞིང་དང་ལོ་ཏོག་བསྐྱེད་བྱེད་ཚུལ།། དེ་དག་ཐམས་ཅད་སྲུང་དུ་གསོལ།། འཇིག་རྟེན་དབང་ཕྱུག
2a3 རིན་པོ་ཆེ།། རིགས་བརྒྱུད་སྦྱིན་དང་ནོར་གྱི་དཔལ།། གང་འདོད་འབྱུང་དང་ལེགས་དབང་མཆོག། བཀྲ་ཤིས་སྦྱིན་དང་ཡོན་ཏན་གཏེར།
2a4 དཀྱིལ་འཁོར་འགྲུབ་དང་བརྟུལ་ཤུགས་ལྡན།། གང་གིས་མོས་ཕྱོགས་རྣམས་ལ་དགེ། དེ་དག་ཐམས་ཅད་མྱུར་འགྲུབ་ཤོག། ཨོཾ
2a5 ས་མནྟ་བྷ་དྲ་མ་གྷ་ལ་བྷ་ཏ་སྭཱ་ཧཱ། གླང་ཆེན་དང་ནི་གཞོན་ནུ་དང་།། མཆེ་བ་གཙིགས་དང་ཕྱག་བཞི་པ།། གླང་སྣ་དང་ནི་མགྲིན་སྔོན་དང་།
2a6 གསུས་པོ་ཆེ་དང་བག་ཤེད་དང་།། ཟླ་མདོག་དང་ནི་མལ་གྱིས་གཞོན།། ཚོགས་བདག་དང་ནི་སྙིང་རྗེ་ལྡན།། འདི་རྣམས་མཚན་གྱིས་ཁྱོད་ལ
2a7 བསྟོད།། འཕགས་པ་ཚོགས་ཀྱི་བདག་པོ་མཛོད་ཞིང་ཁམས་ཐམས་ཅད་སྤེལ་ཞིང་བསྲུང་བ་ཞེས་བྱ་བའི་གཟུངས་ལེའུ་བཅུ་དྲུག་པ་རྫོགས་སོ།། མངྒཿ།