| e-texts navigator |
| Wylie |
1b1 རྒྱ་གར་སྐད་དུ། ཨཱརྱ་ག་ན་རཏྣ་བྷ་ཡ་དྷ་ར་ན་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་རིན་པོ
1b2 ཆེ་འབྲུའི་དཀོར་མཛོད་དང་། འབྲུ་དང་ལོངས་སྤྱོད་སྤེལ་བ་ཞེས་བྱ་བའི་གཟུངས། འཕགས་པ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ།།
1b3 རིན་ཆེན་མཛོད་དང་གཏེར་དབང་ཕྱུག། འབྲུ་དྲུག་སྦྱིན་དང་ལོངས་སྤྱོད་བདག། ཀུན་དབང་རྒྱལ་པོ་འཇིག་རྟེན་དཔལ།། བཙུན་པོ་ལེགས
1b4 སྤྱིན་དག་པའི་དབང་།། འཁོར་སྦྱར་བྲན་རྣམས་ཡངས་པའི་སྤྱིར།། དེ་སོགས་དཔག་ཏུ་མེད་པ་རྣམས།། ཡིད་འཐད་འཆང་འདོན་རབ་ཏུ
1b5 འགྲུབ།། མི་ཟད་དཔག་མེད་མྱུར་འགྲུབ་གསོལ།། ཨོཾ་རད་ན་ག་ན་ག་ན་པ་ཏི། རད་ན་སརྦ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷགྷྲ
1b6 གྷ་གྷ། གྷ་གྷ། གྷ་གྷ། ན་མོ་ན་མ་ཡེ་སྭཱ་ཧཱ། གཟུངས་འདིའི་བྱིན་བརླབས་མཐུ་དབང་གིས།། རིན་ཆེན་ནོར་མཛོད་གཏེར་རྣམས་ལ།
1b7 མེ་ཆུ་རླུང་སྒྲས་གཡོས་དང་།། འབྲུ་ནད་སད་སེར་རྩ་ནད་འཇིགས།། ཕ་རོལ་དགྲ་ཀུན་མ་རུང་འཚེ།། ལོག་ལྷ་གནོད་པ་ཐམས་ཅད་བཟློག