e-texts navigator
Collection
Volume
Page
Wylie

7a1 ཆོ་ག་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱའོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཕྱིར། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་ཆེས་བཅོ་ལྔན
7a2 ཉིན་པར་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ། བསྙེན་གནས་ལ་གནས་ཏེ་ལན་སྟོང་དུ་བཟླས་བརྗོད་བྱས་ན། སེམས་ཅན་ཚེ་ཟད་པའི་ཚེ་ཕྱིར་ནུར་བར་འགྱུར་རོ།། ནད་དང
7a3 བྲལ་བར་འགྱུར་རོ།། སྒྲིབ་པ་ཐམས་ཅད་དག་པ་ཐོབ་པར་འགྱུར་རོ།། སེམས་ཅན་དམྱལ་བ་སོགས་པའི་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། བན
7a4 དུད་འགྲོའི་སྐྱེ་གནས་སུ་སོང་བའི་རྣ་ལམ་དུ་ཡང་གཟུངས་འདིའི་སྒྲ་སྐྲག་པར་བྱ་སྟེ། དེས་ན་དེའི་ངན་འགྲོ་དེ་ཉིད་ཐ་མ་ཡིན་པར་རིག་པར་བྱའོ།། གང་ཞིག་ནད་ཆེན་པོས
7a5 བཏབ་སྟེ། སྨན་པ་རྣམས་ཀྱིས་བྱེ་བྲག་མ་ཕྱེ་བ་དེ་ཡང་། ནད་དེ་ལས་ཐར་བར་འགྱུར་རོ།། དེའི་ངན་འགྲོའི་སྐྱེ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ།། ཤི་འཕོས
7a6 ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་རིག་པར་བྱའོ།། དེ་གང་གང་དུ་སྐྱེ་བ་དེ་དང་དེར་པདྨའི་སྙིང
7a7 པོ་ཁོ་ན་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ།། སེམས་ཅན་སྡིག་པ་བྱེད་པ་དེ་དག་གི་ཤི་བའི་དུས་བྱས་པ་དེ་དག་གི
7a8 དོན་དུ་གཟུངས་འདི་ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན། དེ་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི




iiif viewer powered by OpenSeadragon

6b - 7b

Texts on this page

Ng52.5 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs