e-texts navigator
Collection
Volume
Page
Wylie

6a1 སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ།། ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོར་བཞག
6a2 པར་བྱ། རི་མཐོན་པོ་དང་། ཁང་པ་མཐོན་པོ་འམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞག་པར་བྱའོ།། ལྷའི་དབང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནོ།
6a3 དགེ་བསྙེན་མ་འམ། དེ་ལས་གཞན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ན། ཟ་ན་དེས
6a4 གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པས་ཕོག་ནའང་། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིག་པ་ཐམས
6a5 ཅད་མི་འབྱུང་ངོ་།། སེམས་ཅན་དམྱལ་བ་དང་། དུད་འགྲེའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་དང་། ལྷ་མ་ཡིན་དེ་དག་ཐམས་ཅད་དུ་མི་སྐྱེ
6a6 བར་རིག་པར་བྱའོ།། ལྷའི་དབང་པོ་སེམས་ཅན་དེ་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡེག་པར
6a7 རིག་པར་བྱ་ན། ལྷའི་དབང་པོ་མཆོད་པ་དང་། རིམ་གྲོ་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན
6a8 བ་དན་དང་། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང་། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་ལ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ཞིང




iiif viewer powered by OpenSeadragon

5b - 6b

Texts on this page

Ng52.5 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs