e-texts navigator
Collection
Volume
Page
Wylie

5a1 གཟུངས་འདི་ཟུང་ལ་ལྷའི་བུ་ཤིན་བརྟན་པ་ལ་བསྒྲོགས་ཤིག། བགྲགས་ནས་ཀྱང་འདོན་པ་བྱ་བ་དང་། ཁ་ཏོན་དུ་བྱ་བ་དང་། བསམ་པ་དང་།
5a2 སྒོམ་པ་དང་། དྲན་པར་བྱ་བ་དང་། མཆོད་པར་བྱ་བ་དང་། བཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། དེ་ལ་བརྩོན་པར་སྦྱོར་བར་གྱིས་ཤིག། དེ་ལྟར་ལྷའི་གནས་ཐམས
5a3 ཅད་ན་འཁོད་པའི་ལྷའི་བུ་རྣམས་དང་། འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་གཟུངས་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་གཞི
5a4 འདི་དག་ཁྱོད་ལ་གཏད་དོ།། ལྷའི་དབང་པོ་ཁྱོད་ཀྱིས་འདི་བཟུང་བར་བྱའོ།། གཟུངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར
5a5 འགྱུར་རོ།། སྐྱེ་བ་རྣམ་པ་སྣ་ཚོགས་སུ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི
5a6 རིས་དང་། འདི་ལྟ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ཁྱི་དང་། རུས་སྦལ་དང་། སྦྲུལ
5a7 དང་། གཅན་ཟན་ཁྲོ་བ་དང་། བྱ་དང་། སྦྲང་བུ་དང་། སྡིག་སྦྲུལ་དང་། གྲོག་བུར་ལ་སོགས་པའི་སྲོགས་ཆགས་ཀྱི་རྣམས་སུ་བྱིས་མི་སྐྱེ་བར་ཤེས་པར་བྱའོ།། གཞན
5a8 དུ་ན་དེ་བཞིན་གཤེགས་པ་དང་ཕྲད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་མ་གཏོགས་སོ།། དེ་རིགས་ཆེན་པོ་འདི་ལྟ་སྟེ། བྲམ་ཟེའི་རིགས་ཤིང་ས་ལ




iiif viewer powered by OpenSeadragon

4b - 5b

Texts on this page

Ng52.5 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs