e-texts navigator
Collection
Volume
Page
Wylie

3b1 ནས་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་བར་དུ་འགྲོ་བར་འགྱུར་རོ།། དེ་བརྗོད་མ་ཐག་ཏུ་ཚེ་ཟད་པའི་མི་ཡང་ཆེ་ཕྱིར་ནུར་བར་འགྱུརརོ།།
3b2 ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་བསགས་པ། བདེ་བར་རེག་པ་ལ་གནས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིགས
3b3 སོ།། དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དེ་ཡང་བསྲུང་བ་དང་། སྒྲུབ་པ་དང་། སྦ་བ་མཛད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ
3b4 སེམས་པར་འགྱུར་རོ།། བརྗོད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས
3b5 ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར། རྣམ་པར་འཐོར་བར་འགྱུར། རྣམ་པར་སེལ་བར་འགྱུར། སྟོངས་པར་འགྱུར་རོ།། དེ་ཡང་དེ་ལྟར་སངས
3b6 རྒྱས་ཀྱི་ཞིང་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་ཏེ། དེ་གང་འདོད་པ
3b7 དེར་འཇུག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ
3b8 དུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ




iiif viewer powered by OpenSeadragon

3a - 4a

Texts on this page

Ng52.5 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs