| e-texts navigator |
| Wylie |
1b1 རྒྱ་གར་སྐད་དུ། ཨཱརྱ་ཙཽ་རི་བི་དྷཱ་ས་ན་ན་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་མི་རྒོད་རྣམ་པར
1b2 འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འཚལ་ལོ།། འདི་སྐད
1b3 བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞམ་འབྲིང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་གཅིག་ཏུ།
1b4 ལུས་འཕགས་རི་ལ་གཤེགས་པའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས། མི་རྒོད་ཕལ་པོ་ཆེ་ཞིག་རྒྱང་མ་ནས་མཐོང
1b5 ངོ། མཐོང་ནས་ཀྱང་སྐྲག་སྟེ། སྤུ་ཟིང་ཞེས་བྱེད་ན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
1b6 འདས་མི་རྒོད་དག་གཅིག་གོ།། བདེ་བར་གཤེགས་པ་མི་རྒོད་དག་གཅིག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན
1b7 དགའ་བོ་ཁྱེད་མི་རྒོད་རྣམས་ཀྱིས་འཇིགས་སམ་གསོལ་པ། བཅོམ་ལྡན་འདས་འཇིགས་ལགས་སོ།། བདེ་བར་གཤེགས་པ