e-texts navigator
Collection
Volume
Page
Wylie

7b1 སྒྲལ་བའི་ཞིང་བཅུ་ལ་གཏོགས་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ།། ཕུར་བུས་གདབ་པོ།། ཐོ་བས་བརྡུང་ངོ་།། ཕྱག་རྒྱས་གནན་ནོ།། ན་མཿས་མནྟ་བུད་དྷ་ནཾ། ཀཱ་ཡ
7b2 ཝཀྩིཏྟ་བཛྲ་ཎཱ། ཨོཾ་གྷ་གྷྲ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ། སརྦ་དུཥྚ་མཱ་ར་ཡ། བདག་ལ་སྔ་དགྲ་སྡང་བ་དང་། ཕྱི་དགུར་སེམས་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ
7b3 ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀི་ལི་ཀཱི་ལཱ་ཡ། བཛྲེ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཀྩིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུ~ཾ་ཕཊ། ཨོཾ་ཨ་ཀྲེ་དྷེ་ཀ་མུངྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལེ་ཧ་ན་ད་ཧ་ད་ཧ
7b4 པ་ཙེ་བི་ཙ། བི་དྷྭཾ་ས་ཡེ་བི་དྷྭཾ་ས་ཡ། ཛ་ཊི་ལམྦེ་དྷཱ་རི་ཨུ་ཙུ་ཤྨ་ཀྲོ་དྷ་ཧཱུཾ་ཕཊ། གཟུངས་འདིས་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། ས་ལ་བཏབ་ན་ས་འགས། བྲག
7b5 ལ་བཏབ་ན་བྲག་སྙིལ། ཤིང་ལ་བཏབ་ན་ཤིང་སྐེམ། ཆུ་ལ་བཏབ་ན་ཆུ་ཆང། མེ་ལ་བཏབ་ན་མེ་འཆི། རླུང་ལ་བཏབ་ན་རླུང་འཆང་། རྣམ་པར་ཤེས་པའི་ལུས
7b6 ཅན་རྣམས་ལ་སྨོས་ཅི་དགོས། དེ་ནས་རྡོ་རྗེ་སྡེར་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་སྔོན་བྱུང་བའི་དུས་ན། བསྐལ་པ་གྲངས་མེད་པའི
7b7 ཕ་རོལ་ཏུ་བུད་མེད་ཀྱི་ལུས་བླངས་དུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ
7b8 མཚོན་ཆའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། ཕྱག་གསེར་མདོག་ཅན་བདག་གི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་མོ




iiif viewer powered by OpenSeadragon

7a - 8a

Texts on this page

Ng52.25 - dpal rdo rje sder mo'i gzungs