| e-texts navigator |
| Wylie |
2b1 ཀྱིས་མགོན་སྐྱབས་བྱེད་པར་འགྱུར་བ་དང་། རྟག་ཏུ་དགེ་བའི་བཤེས་དང་ཕྲད་པར་འགྱུར་བ་དང་། ཆོས་ཐོས་ནས་སྒྲུབ་པ་ཉམས་སུ་ལེན་པར་འགྱུར་བ་སྟེ། ལེགས་པའི
2b2 ཡོན་ཏན་རྣམ་པ་བཅོ་ལྔ་དང་ལྡན་པར་འགྱུར་རོ།། གཞན་ཡང་བཤིས་ངན་དུ་འཆི་བ་རྣམ་པ་བཅོ་ལྔ་མྱོང་བར་མི་འགྱུར་ཏེ། དེ་གང་ཞེ་ན། མུ་གེ་བྱུང་ནས་ལེགས་ཏེ
2b3 མི་འཆི། མཚོན་ཆ་དང་ལྕགས་ཀྱུ་རྒྱབ་ནས་མི་འཆི། དམག་དྲངས་པའི་གཡུལ་དུ་མི་འཆི། སྟག་དང་གཅན་ཟན་རྣམས་ཀྱིས་མི་གསོད། ཆུས་ཁྱེར་ནས་མི་འཆི།
2b4 མེས་ཚིག་ནས་མི་འཆི། དུག་བླུད་ནས་མི་འཆི། འབྱུང་པོ་རྣམས་ཀྱིས་མི་གསོད། སེམས་སྟོར་ཞིང་སྙིང་མྱོས་པས་མི་འཆི། རི་འམ་ཤིང་ངམ་གད་པ་ལྷུང་ནས་མི
2b5 འཆི། ཕ་རོལ་པོའི་བྱད་སྡེམས་ཀྱིས་མི་འཆི། རིམས་ནད་ངན་པས་མི་འཆི། རང་གིས་ལྕིབས་ཏེ་མི་འཆི། ཁ་འོག་ཏུ་ལྟས་ཏེ་མི་འཆི། ཐོག་བབས་ཏེ་མི་འཆི།
2b6 འཐབ་པ་དང་འཁྲུལ་པ་མེད་ཅིང་ལག་པ་གཡབ་མོ་བྱེད་ཅིང་འཆི་བར་མི་འགྱུར་རོ།། གཞན་ཡང་ཕན་ཡོན་འདི་རྣམས་དང་ལྡན་པར་འགྱུར་ཏེ། ལུས་ལ་ནད་མི
2b7 འབྱུང་ཞིང་གལ་ཏེ་ལས་ཀྱི་དབང་གིས་ནད་བྱུང་ན་ཡང་མྱུར་དུ་ཞི་བར་འགྱུར་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། ནོར་རྙེད་ཅིང་ནོར་ཡོད་པ་ཡང་རྐུན་མས
2b8 ཁྱེར་བར་མི་འགྱུར་བ་དང་། དགྲའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང་། རིགས་བརྒྱུད་འཕེལ་བར་འགྱུར་བ་དང་། ཚེ་རིང་བར་འགྱུར་བ་དང་། མཐུ་རྩལ་དང