e-texts navigator
Collection
Volume
Page
Wylie

1b1 རྒྱ་གར་རྐང་དུ། ཤྲི་བཛྲ་ར་ཏི་རུ་ན་མ་དྷཱ་ར་ཎི། བོད་སྐད་དུ། དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བའི་གཟུངས། སངས་རྒྱས
1b2 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྡོ་རྗེ་ཟམ་གྱི
1b3 ཁང་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། རིག་པ་འཛིན་པའི་དགེ་འདུན་གྲངས་མེད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ
1b4 ནས་བཅོམ་ལྡན་འདས་ཀྱིས་རིག་པ་འཛིན་པ་རྣམས་ལ་བཀའ་སྩལ་པ། རིག་པ་འཛིན་པ་རྣམས་ཉོན་ཅིག། དཔལ་རྡོ་རྗེ་སྡེར་མོ
1b5 ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་མོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྕམ་མོ།། ཁྲོ་བོ་རྣམས་ཀྱི
1b6 ཡུམ། མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ།། རིག་པ་འཛིན་པ་རྣམས་ཀྱི་གྲོགས་མོ།། བསྟན་བསྲུང་བའི་མངའ་བདག། དཀོན་མཆོག
1b7 གསུམ་གྱི་སྲུང་མ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བདུད་དང་མུ་སྟེགས་ཐམས་ཅད་སྒྲོལ་བར་བྱེད་པའི་མངའ་བདག




iiif viewer powered by OpenSeadragon

1a - 2a

Texts on this page

Ng52.25 - dpal rdo rje sder mo'i gzungs