| e-texts navigator |
| Wylie |
2a1 འདས་དབྱིངས་སུ།། གཤེགས་པར་གང་བཞེད་མི་དང་ལྷ་ཡི་ལྷ།། མགོན་པོ་དེ་དག་ཇི་སྙེད་སྨན་སླད་དུ།། བཞུགས་དང་སངས་རྒྱས་སྐུ་དོན་མཛད་པ
2a2 གསོལ།། ཕྱག་འཚལ་བ་དང་གཤེགས་པའི་བསོད་ནམས་དང་།། བསྐུལ་བ་དང་ནི་གསོལ་བ་བཏབ་པ་དང་།། དེ་བཞིན་ཡིད་རང་སོང་ནམས་ཅི་བསགས་པ།། བྱང་ཆུབ
2a3 དམ་པ་མཆོག་ཏུ་བསྔོ་བར་བགྱི།། བདག་གི་བསོད་ནམས་དམ་པ་འདིས་རྟག་ཏུ།། བྱང་ཆུབ་སེམས་ནི་བརྗེད་པར་མ་གྱུར་ཅིག། རྟག་ཏུ་སངས་རྒྱས་བྱང་ཆུབ་སེམས
2a4 དཔའ་དང་།། དགེ་བའི་བཤེས་རྣམས་མཉེས་པར་བྱེད་གྱུར་ཅིག། མི་ཁོམ་གནོད་པ་བརྒྱད་སྤོང་བར་ཤོག། བཟོད་དང་ལྡན་ཞིང་མཚན་གྱིས་ལུས་བརྒྱན་དང་།། རྟག་ཏུ་སྐྱེ་དྲན
2a5 སེམས་ནི་མི་རྨོངས་དང་།། རབ་དེས་ཕ་རོལ་ཕྱིན་པ་བརྩོན་གྱུར་ཅིག། དབང་ཕྱུག་མི་རྫི་ཆོས་ཀྱི་དབང་ཕྱུག་དང་།། ཡོན་ཏན་འབྱུང་གནས་ཉིད་ནི་འགྱུར་མེད་ཤོག། གཡོག་འཁོར
2a6 མང་པོ་མཐུན་པར་ལྡན་པ་དང་།། བསམ་པ་མཐུན་ཞིང་རྒྱ་ཆེར་དག་གྱུར་ཅིག། བསོད་ནམས་མི་ཟད་རྣམ་དག་བྲོ་དང་ལྡན།། ཆོ་ག་ཡོན་ཏན་དག་ལ་དགའ་བར་ཤོག། བསམ
2a7 གཏན་མངོན་ཤེས་སོ་སོ་ཡང་དག་རིག། དབང་བཅུ་དག་ལ་དག་དབང་བྱེད་གྱུར་ཅིག། བྱང་ཆུབ་སེམས་དཔའ་གང་དག་ལ་མ་རྫོགས་པ།། དེ་དག་སངས་རྒྱས་གོ་འཕང
2a8 མྱུར་ཐོབ་ཤོག། དེ་ལ་གང་དག་ལམ་ཀུན་མ་རྫོགས་པ།། དེ་དག་ཚོགས་ཀྱི་རྙེད་པ་རྙེད་གྱུར་ཅིག། སེམས་ཅན་ཐམས་ཅད་ཐ་ན་མེད་པ་ཡི།། བྱང་ཆུབ་ཏུ་ནི་སྨོན་ལམ་མྱུར