e-texts navigator
Collection
Volume
Page
Wylie

6b1 ཤོག། ཕྱིར་ལྡོག་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མའི་གུང་ལའང་བདེ་ལེགས་ཤིང་།། ཁྱེད་ཅག་རྟག་ཏུ་བདེ་ལེག
6b2 ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་།། སྡང་སེམས་ལྡན་པ་ནས
6b3 བྱེར་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང
6b4 ཁྱེར་འདིར་ནི་སྟོང་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས
6b5 མེད་པར་ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ།། ས་དང་བར་སྣང་དག་ལ་གནས
6b6 པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས
6b7 སོ།། རྒྱ་གར་གྱི་མཁན་པོ་སུ་རེནྡ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། དག




iiif viewer powered by OpenSeadragon

6a - 1a

Texts on this page

Ng52.158 - 'phags pa yangs pa'i grong khyer du 'jug pa'i mdo chen po