e-texts navigator
Collection
Volume
Page
Wylie

5b1 སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང
5b2 ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀཱི་བྲན་ནིནཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང
5b3 འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་བའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ
5b4 ཆགས་པ།། རྣམ་འཇོམས་དྲི་མ་མེད་མཛད་ཅིང་།། ཐུགས་ཞི་གནོད་པ་མི་མངའ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ
5b5 བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས་ཀྱི
5b6 རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ་གང་ཞིག་བྱམས་པ་ཡི།།
5b7 ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།།
5b8 སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་།




iiif viewer powered by OpenSeadragon

5a - 6a

Texts on this page

Ng52.158 - 'phags pa yangs pa'i grong khyer du 'jug pa'i mdo chen po