e-texts navigator
Collection
Volume
Page
Wylie

4b1 འཛིན་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ།། དགྲ་བཅོམ་པ་ཐམས་ཅད་ཀྱི
4b2 བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐས་ཅད་ཀྱི་བསམས་པ། ཆོས་ཀྱི་བསམས་པ། ཚངས་པས
4b3 བསམས་པ། ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ
4b4 མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམ་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ། བི་ས་ར་ཏ།
4b5 བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ།། མུཉྩ་ཏ། མུཉྫ་ཏ། ཡམས་ཀྱི་ནང་ཐམས་ཅད་ཞི་བར་གྱུར་ཅིག། ནིརྒཙྪ
4b6 ཏ་ནི་རྒནྣ་ཏ། ནི་རྒནྣ་ཏ། ནིརྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་།
4b7 དབང་དག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་ལྷ་མ་ཡིན་གྱི
4b8 དབང་པོ་རྣམས་སམ། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི




iiif viewer powered by OpenSeadragon

4a - 5a

Texts on this page

Ng52.158 - 'phags pa yangs pa'i grong khyer du 'jug pa'i mdo chen po