e-texts navigator
Collection
Volume
Page
Wylie

4a1 བཞི་ཁྱེད་ཅག་བདེ་ལེགས་ཤོག་ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་འདེ་ལེགས།
4a2 ཉི་མའི་གུང་ལ་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་གཤེགས
4a3 མཛད་ཀྱིས་སྡང་སེམས་ལྡན་པ་རྣམས་བྱེར་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན
4a4 ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན་འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ
4a5 ཞིག་ལྡན་གྱུར་ཅིག། ཐམས་ཅད་ནང་རྫས་མེད་པར་ཤོག། ཀུན་གྱི་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས
4a6 གྱུར་ཏེ།། ས་དང་བར་སྣང་དག་ན་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། དེ་སྐད་ཅེས་བཀའ་སྩལ་ནས།
4a7 ཚེ་དང་ལྡན་པ་ཀུན་དགའ་བོས།། བཙུན་པ་དེ་ཞིན་བགྱིའོ་ཞེས་གསོལ་ཏེ།། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས།། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ།། སྒོའི་ཐེམ་པ་ལ
4a8 རྐང་པ་བཞག་ནས། གསང་སྔས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.158 - 'phags pa yangs pa'i grong khyer du 'jug pa'i mdo chen po