e-texts navigator
Collection
Volume
Page
Wylie

73b1 དུ་དགའ་བ་ཡིན།། ཚངས་པ་ཐོབ་པས་དགའ་བ་མ་ཡིན་གྱི།། སེམས་ཅན་གཅིག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་ན་རབ་ཏུ་དགའ་བ་ཡིན། སྟོང་གསུམ་གྱི་རིན་པོ་ཆེས་བཀང་བས་དགའ
73b2 བ་མ་ཡིན་གྱི། དེ་བཞིན་གཤེགས་པ་མཐོང་བས་དགའ་བ་ཡིན་ཏེ། དེ་ནི་གཞར་ཡང་དབང་པོ་ཉམས་པར་མི་འགྱུར་ཞིང་དགའ་བར་གྱུར་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དགའ་ཞིང་མགུ་བའི་སྤྱོད་པ་འདིས་སྒྲུབ
73b3 པར་བྱེད་པ་ནི་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་མཐའ་ཡས་མཐོང་བས་སྨྲས་པ། སྐྱེས་བུ་དམ་པ་དག་གང་གི་ཚེ་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མཐོང་མོད་ཀྱི།
73b4 བདག་ཏུ་ལྟ་བར་ཡང་མི་ལྷུང་། སངས་རྒྱས་ཀྱི་ཆོས་ཐམསཅད་ཤེས་མོད་ཀྱི། རྣཾ་པཱ་རྟོག་པ་སྤྱོད་པ་ཡང་མ་ཡིན། སངས་རྒྱས་ཐམས་ཅད་མཐོང་མོད་ཀྱི་གཟུགས་ལ་དམིགས་པའི
73b5 འདུ་ཤེས་ཀྱང་མི་བསྐྱེད། སེམས་ཅན་ཐམས་ཅད་མཐོང་མོད་ཀྱི། སེམས་ཅན་དུ་འདུ་ཤེས་ཀྱང་མི་སྐྱེད། ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པའི་ཕྱིར། ཤའི་མིག་གསལ་བར་གྱུར་པ་ཡིན།
73b6 མངོན་པར་ཤེས་པ་ཐོབ་པས་ལྷའི་མིག་དང་ལྡན་པ་ཡིན། ཉོན་མོངས་པ་ཐམས་ཅད་དང་བྲལ་བས་ཤེས་རབ་ཀྱི་མིག་རྟོགས་པ་ཁོང་དུ་ཆུད་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒྲུབ་པས་སངས་རྒྱས་ཀྱི་སྤྱན་ལ་མེས
73b7 པ་ཡིན། སྟོབས་བཅུ་ཡོངས་སུ་རྫོགས་པས་ཆོས་ཀྱི་སྣང་བ་ཐོབ་པ་ཡིན་ཏེ། རིགས་ཀྱི་བུ་དེ་འདྲ་བའི་ཡེ་ཤེས་མཐོང་བ་ཡོངས་རྫོགས་པས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

73a - 74a

Texts on this page

Ng47.2 - 'phags pa ma skyes dgra'i 'gyod pa bsal ba zhes bya ba theg pa chen po'i mdo