| e-texts navigator |
| Wylie |
73a1 འགྱུར། རང་གི་སེམས་ཡོངས་སུ་དག་པས་ཡིད་དགའ་བ་དང་། མི་དགའ་བ་དང་མི་འབྲེལ་ཅིང་། སེམས་ཅན་གང་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་མ་ཡིན་པར་མཐོང་སྟེ། གང་ལོག་པར་ངེས་པ
73a2 ངག་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་གྱུར་པར་མཐོང་ཞིང་། གང་བདག་ཤིན་ཏུ་དགའ་བར་གྱུར་པའི་དངོས་པོ་དེ་དགའ་ཞིང་ཡོངས་སུ་གཏོང་བ་བྱིན་ནས་ཀྱང་མི་འགྱོད་པ་ཡིན་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས
73a3 ཅད་མཁྱེན་པའི་རྟོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་རྒྱལ་པོས་སྨྲས་པ། གང་གི་ཚེ་ན་སྤྲོས་པ་དང་། བརྒྱད་པ་དང་། སྨད་པ་དང་། བརྙས་པ་དང་། བདེགས་པ་དང་། ཚར་བཅད་ན
73a4 བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་བསྐྱེད་ཅིང་། གང་ཟག་དེ་ལ། ཡང་དགེ་བའི་གཤེས་གཉེན་དུ་འདུ་ཤེས་བསྐྱེད་ལ་བཟོད་པར་བྱེད། བཟོད་པའི་མཐུ་སྟོན་ཅིང་རབ་ཏུ་དགའ་བ་བསྐྱེད་ནས་སྤྲོ་བར་བྱེད་པ་འདི
73a5 སུ། གང་ལ་སྤྲོ་བར་བྱ་ཞེས་དེ་ཆོས་ཉིད་རྗེས་སུ་འཇུག་པར་བྱེད། ནང་གི་སྟོང་པ་ཉིད་ལ་མོས་ཤིང་། ཕྱི་སྟོང་པ་ཉིད་ལ་ཐེ་ཙོམ་མེད་པས། བདག་ཏུ་ལྟེ་བ་ཡང་མི་སྐྱེད་ཅིང་བཟོད་ལ་རྐང་པ་དང་ལག་པ་ཡོངས་སུ་གཏོང་བ་དང་།
73a6 མིག་དང་མགོ་བོ་ཡོངས་སུ་གཏོང་བ་དང་། ཆུང་མ་དང་བུ་པ་དང་། བུ་མོ་ཡོངས་སུ་གཏོང་བ་དང་། རྒྱལ་སྲིད་ཡོངས་སུ་གདོང་བས་རབ་ཏུ་དགའ་བ་ཡིན། ལུས་དང་སྲོག་ཡོངས་སུ་གཏོང་བས་དགའ་བ་ཡིན་ཏེ། འཁོར
73a7 ལོ་སྒྱུར་བའི་རྒྱལ་པོ་སྲིད་ཐོབ་པས་དགའ་བ་ཡིན་གྱི། ལེགས་པར་བཤད་པའི་ཚིགས་སུ་བཅད་པ་ཅིག་ཐོས་པས་ཤིན་ཏུ་དགའ་བ་ཡིན།། བརྒྱ་བྱིན་ཐོས་པས་དགའ་བ་མ་ཡིན་གྱི།། གཞན་ཆོས་འཆད་པ་ལ་ཤིན