| e-texts navigator |
| Wylie |
72a1 རབ་ཏུ་གཡོ་བ་ཡང་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་འདྲ་བའི་ཡེ་ཤེས་རྟོགས་པས་ཐམས་ཅད་ཀྱི་སྒྲ་དང་། བརྗོད་པ་ཀུན་བཟོད་པ་དེ་གཡོ་བར་མི་བྱེད་རབ་ཏུ་གཡོ་བར་མི་བྱེད་ཅིང་ཕ་རོལ་མུ
72a2 སྟེགས་ཅན་གྱི་སྨྲ་བ་གང་ལ་ཡང་ཆགས་པར་མ་འགྱུར། དེ་བཞིན་གཤེགས་པའི་བཀའ་དང་མུ་སྟེགས་ཅན་གྱི་ཚིག་ཀྱང་ཆོས་མཉམ་པ་ཉིད་དུ་མཐོང་། མཉམ་པ་ཉིད་ལ་ཡང་འགལ་བར་མི་བྱེད།། མུ་སྟེགས་ཐས་ཅད
72a3 ཀྱང་ཟད་པའི་ཆོ་སུ་མཐོང་།། ཟད་པའི་ཆོས་ཀྱིས་ཆོས་ལས་ཆེན་པོར་ཡང་མི་བྱེད་ཏེ། སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔའ་དེ་འདྲ་བའི་ཡེ་ཤེཿཝ་མོས་པ་ནི། མྱུར་དུ་ཐས་ཅད་མཁྱེན་པར་སྐྱེ་བར་འགྱུར་རོ།། བྱང་ཆུབ
72a4 སེཾས་དཔའ་བློ་གྲོས་རྒྱ་མཚོས་སྨྲས་པ།། སྐྱེས་བུ་དམ་པ་དག་བྱང་ཆུབ་སེཾས་དཔའ་ཐོས་པ་ཐམས་ཅད་བཟུང་བའི་ཕྱིར། བློ་རྒྱ་མཚོ་ལ་སེམས་འཇུག་པ་རྟོགས་པར་བྱའོ།། ཆོས་ཉིད་ལ་སྣ་ཚོགས་མེད་པའི་ཕྱིར།
72a5 དེས་ཆོས་རོ་གཅིག་པ་ལ་མོས་པར་བྱའོ།། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བའི་ཕྱིར། དེས་ཆོས་ཉིད་ལ་རྟག་པར་བྱའོ།། ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་མ་གྲི་དང་། མ་འབྲེལ་བར་བྱའོ།། བསོད་ནམས་མི
72a6 ཟད་པའི་ཕྱིར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ།། ཆད་པ་དང་རྟག་པ་ལས་དབེན་པའི་ཕྱིར། དེས་མཐའ་གཉིས་རྟོགས་པར་བྱའོ།། སེམས་ཀྱི་སྒོམ་པ་ཚད་མེད་པའི་ཕྱིར་དེས་ཆོས་ཐམས
72a7 ཅད་ལ་བརྟག་པར་བྱའོ།། ཆོས་ཡང་དག་པར་མི་རྗེད་པའི་ཕྱིར། བདག་གི་དྲན་པའི་སྟོབས་བསྐྱེད་པ་ཡང་ཡོངསུ་བཞག་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཆོས་འཆད་པའི་ཕྱིར་དེས་སྙེམས་པ་ཐམས་ཅད་ཡང་དག་པར