e-texts navigator
Collection
Volume
Page
Wylie

71b1 མ་བྱས་ཀྱི་རྗེས་སུ་སོང་བ། ཟག་པ་དང་བཅས་པའི་རྗེས་སུ་སོང་བ། ཟག་པ་མེད་པའི་རྗེས་སུ་སོང་བ། ཁ་ན་མ་ཐོ་བ་དང་བཅས་པའི་རྗེས་སུ་སོང་བ། ཁ་ན་མ་ཐོ་བ་མེད་པའི་རྗེས་སུ་སོང་བ། དགེ་བའི་རྗེས་སུ་སོང་བ། མི་དགེ་བའི་རྗེས
71b2 སུ་སོང་བ། འཇིག་རྟེན་གྱི་ཆོས་ཀྱི་རྗེས་སུ་སོང་བ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྗེས་སུ་སོང་བ། འཁོར་བའི་རྗེས་སུ་སོང་བ། མྱ་ངན་ལས་འདས་པའི་རྗེས་སུ་སོང་བ། ཆད་པ་དང་རྟག་པའི་རྗེས་སུ་སོང་བ། ཕུང་པོ
71b3 དང་ཁམས་དང་། སྐྱེ་མཆེད་ཀྱི་རྗེསུ་སོ་བ་སྟེ། སྐྱེས་བུ་དམ་པ་དག་བྱང་ཆུབ་ནི་ས་དང་། ཆུ་དང་མེ་དང་རླུང་དང་། ནམ་མཁའི་རྗེསུ་སོང་བའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་འདི་ལྟ་བུའི་རང་བཞིན་ཏེ། དེ་དག་ནི་བརྗོད
71b4 བ་གང་དང་གང་གིས་བརྗོད་པ་དེ་ཐམས་ཅད་སྟོང་པ་ཉིད་སྤྲོས་པར་བྱེད་པའོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའི་དབྱིངས་ནི་ཐམས་ཅད་ཀྱི་རྗེསུ་སོང་ངོ་།། དེ་བཞིན་དུ་བྱང་ཆུབ་ཀྱང་ཐམས་ཅད་ཀྱི་རྗེས་སུ་སོང་སྟེ།
71b5 སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔའ་དེ་འདྲ་བའི་ཡེ་ཤེས་ལ་མོས་པ་ནི། དམིགས་པ་ཐམས་ཅད་ལ་སྤོབས་པ་འབྱུང་ཞིང་དེ་ནི་ཚིག་གི་རབ་ཏུ་ཐ་དང་པོ་ཤེས་པ་ཐམས་ཅད་ཀྱང་ཐོབ་པར་འགྱུར་ཏེ། ཚུལ་གཅིག་ལ་འཇུག་པ
71b6 དེས་ཐམས་ཅད་མཁྱེན་པ་རྟོགས་སོ།། བྱང་ཆུབ་སེམས་དཔའ་སྤོབས་པའི་ཕུང་པོས་སྨྲས་པ། ཀྱེ་གྲོགས་པོ་དག་བརྗོད་པ་ཐམས་ཅད་བརྗོད་དུ་མེད་པ་སྟེ། སྒྲ་ཐམས་ཅད་སྐད་དུ་མེད་པའོ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ
71b7 ལ་མོས་པ་ནི་སེམས་མི་གཡོ་བར་འདུག་པ་སྟེ། སྙན་པར་སྨྲས་པ་དང་། མི་སྙན་པར་སྨྲས་པ་ལ་དགའ་བ་དང་ཞུམ་པ་མེད་དོ།། འདི་ལྟ་སྟེ་དཔེར་ན། ལྷུན་པོའི་ཕུང་པའི་ལ་རླུང་བབ་པས་སླར་ལོག་ན། རི་ལྷུན་པོ་ནི་གཡོ་བ་ཡ་མེད




iiif viewer powered by OpenSeadragon

71a - 72a

Texts on this page

Ng47.2 - 'phags pa ma skyes dgra'i 'gyod pa bsal ba zhes bya ba theg pa chen po'i mdo