| e-texts navigator |
| Wylie |
71a1 ཤེས་རབ་ནམ་མཁའ་དང་མཚུངས་པས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བས་སྨྲས་པ། སེམས་བསྐྱེད་པ་གང
71a2 ལས་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་མཉེས་པར་མི་འགྱུར་བ་དང་། ལྷ་མི་དགའ་བར་འགྱུར་བ་དང་། བདག་གི་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར་འགྱུར་བའི་སེམས་བསྐྱེད།
71a3 པ་དེ་དག་ནི་བྱང་ཆུབ་སེམས་དཔས་མི་སྐྱེ་བར་བྱ་བའི་སེམས་བསྐྱེད་པ་གང་ལས་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དང་། དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང་། ལྷ་དགའ་བར་འགྱུར་བ་དང་།
71a4 བདག་གི་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར་མི་འགྱུར་བའི་སེམས་བསྐྱེད་པ་དེ་དག་ནི་བསྐྱེད་པར་བྱ་སྟེ། དེ་དེ་ལྟར་ཞུགས་ན་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར་རོ།།
71a5 དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་སེམས་བསྐྱེད་མ་ཐག་ཏུ་རྒྱུ་དང་དམིགས་པའི་རྐྱེན་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་མ་སྐྱེས
71a6 པའི་ལས་རྟོགས་པར་འགྱུར་ལ། བྱང་ཆུབ་ཇི་ལྟར་ཆོས་ཀྱི་འཁོར་ལོ་སྒྱུར་བ་ཡང་དེ་བཞིན་དུ་ཤེས་ཏེ། སེམས་ཀྱི་བསམ་པའི་གོ་ཆ་དེ་དག་གྱིས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ཚིག
71a7 མི་རབ་ཏུ་བ་དང་པ་ཐམས་ཅད་ལ་སྲབས་པས་སྨྲས་པ། སྐྱེས་བུ་དས་པ་དག་བྱང་ཆུབ་ནི་ཐམསས་ཀྱི་ས་སུ་སང་བསྟེ། ཀུན་ནས་ཅན་མངས་པའི་རྗེས་སུ་མང་ག་བྱང་བའི་རྗེས་སུ་སོང་ག་འདུས་བྱས་ཀྱི་རྗེས་སུ་སོང་ག་འ།