| e-texts navigator |
| Wylie |
70b1 པ་དག་ནི་སྡིག་པའི་ཆོས་རྣམ་པར་སྤངས་པས་དགེ་བའི་ཆོས་ལ་ཞུགས་པ་ཡིན་ནོ།། སྐྱེས་བུ་དམ་དག་ནི་དབུལ་པོ་རྣམས་ཀྱི་གཏེར་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་ནད་པ་རྣམས་ཀྱི་སྨན་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི
70b2 འཇིགས་པ་རྣམས་ཀྱི་སྨན་པ་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་དཔུང་གཉེན་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་འཁོར་བའི་རྒྱ་མཚོར་ཞུགས་པ་རྣམས་ཀྱི་གནས་སོ།། སྐྱེས་བུ་དམ་པ་དག་ནི་རྟེན་མེད
70b3 པ་རྣམས་ཀྱི་རྟེན་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་མུན་པ་མུན་ནག་དུ་ཞུགས་པ་རྣམས་ཀྱི་སྣང་བར་བྱེད་པ་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་ལམ་ངན་པར་ཞུགས་པ་རྣམས་ཀྱི་འདྲེན་པ་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་ཆོས་སྨྲ་བ
70b4 རྣམས་ཀྱི་ཡོངས་སུ་འདྲེན་པ་ཡིན་ནོ།། སྐྱེས་བུ་དམ་པ་དག་ནི་བཟོད་པ་དང་དུལ་བའི་རྣལ་འབྱོར་དང་ལྡན་པས། ཐ་བའི་ཉེས་པ་དང་གནོད་སེམས་དང་གནོད་འཆབ་པ་དང་། ཁྲོ་བའི་ཡོངས་སུ་གདུང་བ
70b5 ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་ལྟ་བས་ན་སྐྱེས་བུ་དམ་པ་དག་དེ་འདྲ་བའི་ཆོས་ལ་གནས་པས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛད་ཀྱིས་སྨྲས་པ། ནམ་མཁ
70b6 དཔག་ཏུ་མེད་པ་བཞིན་དུ་བྱམས་པ་སྒོམ་པའི་རྣལ་འབྱོར་དང་ལྡན་པ། སྙིང་རྗེ་ཆེན་པོ་ལ་གནས་པ། རྒྱུན་མི་འཆད་པ་དབང་པོ་རྟག་ཏུ་དགའ་ཞིང་དགོད་པ། འདོད་པའི་དབང་པོ་ཐམས་ཅད་ལ་བཏང་སྙོམས་སུ་གཏོང་བ་སྦྱིན
70b7 པ་ནམ་མཁའ་དང་མཚུངས་པ་དང་། ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ་དང་། བཟོད་པ་ནམ་མཁའ་དང་མཚུངས་པ་དང་། བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་དང་། བསམ་གཏན་ནམ་མཁའ་དང་མཚུངས་པ་དང་།