| e-texts navigator |
| Wylie |
69a1 དམན་པ་ལ་ཟས་པས་ནི་མིགས་ཆེན་ཐོད་རྟགས་པར་མི་ནུས་ཀྱི། གང་གཏད་མག་པའི་ཐལ་མན་ཡང་ཐེག་པ་གཉིས་ལ་སེམས་མི་འཇུག་ཅིང་། རིན་པ་ཆེའི་སེམས་ཐམས་ཅད་མཁྱེན་པའི་སེམས་དང་།
69a2 རས་དག་གིས་ཀྱང་འདོད་པར་བྱེད་དུ་འཇུག་ལ། རིན་པོ་ཆེའི་སེམས་དེ་ལ་སེར་སྣ་མི་བྱེད་ཀྱི། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ག་ཆད་བསྐོན་པར་བྱེད་ཅིང་སེམས་མཉམ་པ་མེད་པ་དེ་ཡང་གང་བ་འམ། བྲི་བར་མི
69a3 མཐོང་ཞིང་། དེ་ལྟར་སེར་སྣ་མེད་པའི་སེམས་ཀྱིས་ཡེ་ཤེས་ཆེན་པོ་དེ་རྟགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་ཕྱག་རྒྱས་སྨྲས་པ། ཀྱེ་མའོ་སེམས་ཅན་འདི་ནི་འགྲོ་བ་དྲུག་ཏུ་ལྟུང་གིས
69a4 དེ་དག་དེ་དག་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱ་རིན་པོ་ཆེའི་ཕྱག་རྒྱ་གསུམ་གྱིས་བཏབ་པ་སྦྱིན་པར་བྱ་སྟེ། སེམས་ཅན་ཐོས་པ་ཉུང་བ་རྣམས་ལ་ནི་ཐོས་པའི་ལག་པ
69a5 སྦྱིན་པར་བྱའོ།། སེམས་ཅན་སེར་སྣ་ཅན་རྣམས་ལ་ནི་བདོག་བིའི་ལག་པ་སྦྱིན་པར་བྱའོ།། སེམས་ཅན་དང་། ཚུལ་ངན་པ་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ལག་པ་སྦྱིན་པར་བྱའོ།། སེམས་ཅན་གནོད་སེཾས།
69a6 ཅན་རྣམས་ལ་བཟོད་པའི་ལག་པ་སྦྱིན་པར་བྱའོ།། སེམས་ཅན་ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱི་ལག་པ་སྦྱིན་པར་བྱའོ།། སེམས་ཅན་དྲན་པ་ཉམས་པ་རྣམས་ལ་ནི་བསམ་གཏན་ཐོབ་པའི་ལག་པ་སྦྱིན་པར་བྱའོ།
69a7 སེམས་ཅན་ཤེས་རབ་འཆལ་བ་ཅན་རྣམས་ལ་ནི། ཤེས་རབ་ཀྱི་ལག་པ་སྦྱིན་པར་བྱ་སྟེ། སེམས་ཅན་དག་ཆོས་དཀར་པོ་གང་དང་གང་དག་ལས་བྲལ་བར་གྱུར་པའི་ཆོས་དེ་དང་དེ་དག་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར