e-texts navigator
Collection
Volume
Page
Wylie

68b1 དཔའ་སེམས་དཔའ་ཆེན་པོ་མ་ཁྱེངས་པ་དེས་ནི། ཡེ་ཤེས་ཆེན་པོ་དེ་རྟོགས་པར་སླའོ།། བྱང་ཆུབ་སེམས་དཔའ་སྐྱེ་བོ་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་གཞན་ལ་གླན་ཀ་ཚོལ་བས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ
68b2 རྟོགས་པར་མི་ནུས་ཀྱི། གཅིག་པུ་གཉིས་སུ་མེད་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གོ་ཆ་ཆེན་པོ་དགོས་པས། སེམས་ཅན་ཐམས་ཅད་ཀྱི་གང་ཅི་ཡང་རུང་བ་ཡོངས་སུ་ཐོབ་པར་བྱ་བ་དེ་ཐམས་ཅད་བདག་གིས་ཡོངས་སུ
68b3 ཐོབ་པར་བྱའོ་ཞེས་དགེ་བའི་རྩ་བ་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སེམས་བསྐྱེད་དེ། ཡུད་ཙམ་དུ་ཡང་བརྩོན་འགྲུས་མི་གཏོང་ཞིང་། དེ་ལྟར་བརྩོན
68b4 འགྲུས་ལས་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་དེ། རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ས་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ས་ནི་རྩ་དང་ཤིང
68b5 གྱེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ཏེ། དེ་ལ་གནས་ཤིང་རྩཝ་དང་། ཤིང་གྱེལ་བ་དང་སྨན་དང་། ནགས་ཚལ་གྱིས་ས་བོན་ཐམས་ཅད་སྐྱེ་བར་འགྱུར་མོད་ཀྱི་ས་ཆེན་པོ་དེ་ནི་ལན་རེ་ཡང
68b6 མེད་དོ།། སེམས་ཅན་ཐམས་ཅད་ཀྱང་ས་ཆེན་པོ་ལས་འཚོ་མོད་ཀྱི། ས་ཆེན་པོ་ནི་སྐྱོ་བར་ཡང་མི་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆགས་པ་དང་། ཞེ་སྡང་བའི་སེམས་དང་བྲལ་བ་དང་། སེམས་ཅན་ཐམས་ཅད
68b7 ཀྱིའི་བར་འཚེ་བ་དང་། ལན་རེ་བ་མེད་པའི་ཕྱིར་ས་དང་འདྲ་བར་སེམས་བསྐྱེད་ན། ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འདི་ནི་གོ་ཆ་ཆེན་པོ་ཡིན་ཏེ།




iiif viewer powered by OpenSeadragon

68a - 69a

Texts on this page

Ng47.2 - 'phags pa ma skyes dgra'i 'gyod pa bsal ba zhes bya ba theg pa chen po'i mdo