e-texts navigator
Collection
Volume
Page
Wylie

68a1 བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་ནི་ཆགས་ཤིང་གནས་པས། ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། བདག་གི་བདེ་བ་ལ་མ་ཆགས
68a2 བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་ནུས་ཏེ། གང་ཟང་ཟིང་མེད་པ་ལན་དུ་བྱ་བ་མ་ཡིན་པའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་སྟབསོ།། ཞེས་སེམས་ཅན་ཐམས་ཅད་བདེ་ཞིང་། བདེ་བ་དང་ལྡན་པ་ལ་གཞོག
68a3 པར་བྱེད་པ་དེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་བླ་མའི་བླའི་དཔལ་གྱིས་སྨྲས་པ། བདག་ཉིད་མ་ལས་དུལ་མ་བསྲུངས་མ་བྱང་བ་དེས། ཕ་རོལ་མ་དུལ་མ་སྲུངས
68a4 མ་བྱང་བ། དུལ་བར་བྱ་བ་དང་། ཞི་བར་བྱ་བའི་གནས་དེ་ནི་མེད་ཀྱི། བདག་ཉིད་ཤིན་ཏུ་དུལ་ལ་ཤིན་ཏུ་བསྲུངས། ཤིན་ཏུ་བྱང་བ་དེས། ཕ་རོལ་མ་དུལ་མ་བསྲུངས་མ་བྱང་བ། དུལ་བར་བྱ་བ་དང་། ཞི་བར་བྱ་བ
68a5 གནས་དེ་ནི་མེད་དོ།། ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་སད་གསུངས་ཏེ། དེ་བས་ན་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་ཞུགས་ཤིང་། ཕ་རོལ་དུལ་བ་དང་ཞི་གནས་དང་འཐུན་པར་བྱ་བ་ལ་མཁས་པས
68a6 ལེགས་ཆེན་པ་དཐོགས་བདུནུས་པ།། བྱང་ཆུབ་སེམས་དཔའ་བད་མ་དཔལ་འབྱུང་གིས་སྨྲས་པ། ཀྱི་གྲགས་པ་དག་འཇིག་རྟེན་གྱི་ཆོས་དང་འབྲེལ་བས་འཇིག་རྟེན་ལས་འདས་པར་མི་ནུས་ཀྱིང་གང་འཇིག་རྟེན་བྱཆོས་དམ་འབྲེལ་བན
68a7 ནི་འཇི་རྟེན་ལམ་འདའ་བབ་བྱུང་། དེ་བཔར་བྱང་ཆུབ་མ་ས་དཔའ་ག་དང་འདག་མི་དད་པདང་གྲགས་པ་དང་མགྲགས་པ་དང་། བདོད་པ་དང་། སྤང་བ་དང་འདེབ་དང་ཟུས་བདྲས་པས་མི་འབྲེགས་དང་། ཐ་ཆུམ་ཟིན




iiif viewer powered by OpenSeadragon

67b - 68b

Texts on this page

Ng47.2 - 'phags pa ma skyes dgra'i 'gyod pa bsal ba zhes bya ba theg pa chen po'i mdo