| e-texts navigator |
| Wylie |
67b1 ལྷའི་བུ་ཆོས་ལ་གནས་པ་བརྟག་ཏུ་བརྩོན་པ་ཞེས་བྱ་བ་དེ་དག་དང་། ལྷའི་བུ་མང་པོ་གཞན་དག་ཀྱང་འདི་ལྟ་སྟེ། ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འགྲང་བར་གྱུར་ཏོ།། འདི་ལྟ་སྟེ། སྐྱེས་བུ
67b2 དམ་པ་དེ་དང་། ལྷའི་བུ་དེ་དག་ཚོགས་ཤིང་འཁོད་པ་ལས་བར་སྐབས་སུ་ཀྱེ་གྲོགས་པོ་ངག་སངས་རྒྱས་ཀྱི་ཡེ་ཤེས་ནི་རྒྱ་ཆེ་བ། དཔག་ཏུ་མེད་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ་གཞལ་ཏུ་མེད
67b3 པམི་གཏོགས་པ། མི་མཉམ་པ་དང་མཉམ་པ། བླ་ན་མེད་པ་ཡིན་ཏེ། དེ་ནི་གོ་ཆ་དམ་པ་མ་ཡིན་པས་གཏོགས་པར་མི་ནུས་ན། གོ་ཆ་ཇི་ཙམ་ཞིག་དགོས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས། ཡེ་ཤེས་ཆེན་པོ་དེ
67b4 གཏོགས་པར་ནུས་ཤེས་དེ་ལྟ་བུའི་གཏམ་བརྗོད་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཀླུ་དཔལ་གྱིས་སྨྲས་པ། དགེ་བའི་རྩ་བའི་ཚོགས་བསགས་པ་སྔོ་བས་མཆོག་མི་ཤེས་པའི་དགེ་བའི་རྩ་བ་ལ་གཞོལ
67b5 བར་གནས་ཤིང་མི་བརྗོད་པའི་གོ་ཆ་དགོས་པས་ཡེ་ཤེས་ཆེན་པོ་ད་གཏོགས་པར་ནུས་སོ།། བྱང་ཆུབ་སེམས་དཔའ་ཀླུས་བྱིན་གྱིས་སྨྲས་པ། སེམས་སྙོམས་པ་དང་། སེམས་དུལ་བ་དང་། སེམས་འཇམ་པ་དང་།
67b6 སེམས་བྱང་བ་དང་། སེམས་མཉེན་པ་དང་། སེམས་ཅན་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡི་དམ་བརྟན་པོ་སྙིང་པོ་ལ་གནས་པའི་གོ་ཆ་དགོས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་གཏོགས་པར་ནུས་སོ།། །
67b7 བྱང་ཆུབ་སེམས་དཔའ་དཔལ་འབྱུང་གིས་སྨྲས་པ། ཀྱེ་གྲོགས་པོ་དག་བསྐལ་པའི་གྲངས་ཀྱིས་ཡེ་ཤེས་ཆེན་པོ་དེ་གཏོགས་པར་མི་ནུས་ཀྱི། བསྐལ་པ་དཔག་ཏུ་མེད་པར་གོ་ཆ་དགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཏོག་པ་ནུསོ།།