e-texts navigator
Collection
Volume
Page
Wylie

279b1 ཁམས་སྣ་ཚོགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན་ནས། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་སྟོན། སྐྱེ་བ་ཡང་སྟོན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་སྟོན། བརྩེ་བ་དང་། དགའ་བ
279b2 དང་། བུད་མེད་ཀྱི་གཞང་དགང་དང་། ཀུ་རེ་དང་། དྲི་དང་། ཕྲེང་བ་ལ་དགའ་ཞིང་རྩེ་བ་ཡང་སྟོན། ཁྱིམ་ནས་བྱུང་བ་དང་། རབ་ཏུ་འབྱུང་བ་དང་། དཀའ་བ་སྤྱོད་པ་རྣམས་ཀྱང་སྟོན། བདུད་བཏུལ་བ་དང་། ཆོས་ཀྱི
279b3 འཁོར་ལོ་བསྐོར་བ་ནས། ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཕབཔྲས། སེམས་ཅན་རྣམས་ཚིམ་པར་བྱས་པའི་བར་ཏུ་ཡང་སྟོན་ཏེ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང
279b4 སྦྱོར་བ་སྣ་ཚོགས་ཀྱིས་རིང་བསྲེལ་མཆོད་པ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། སྐུ་གཟུགས་བྱེད་དུ་གཞུག་པ་དང་། རབ་ཏུ་འབྱུང་བའི་ཕྱིར། ཁྱིམ་ནས་འབྱུང་བ་དང་།
279b5 དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་། དམ་པའི་ཆོས་བྲི་བ་དང་ཀླག་པ་དང་། ཁ་ཏོན་དུ་བྱ་བ་ལ་སྤྲོ་བ་བསྐྱེད་པ་དག་གིས་ཀྱང་། སེཾས་ཅན་ཐམས་ཅད་ཐར་པ་མཛད། བསླབ་པ་འཛིན་པ་དང་། བརྟུལ
279b6 ཞུགས་དང་། སྡོམ་པ་དང་། ཉེ་བར་གནས་པ་དང་། དགེ་བསྙེན་གྱི་སྡོམ་པ་རྣམས་འཛིན་དུ་བཞུགས་པའི་ཐབས་མཁས་པས་ཀྱང་། སེམས་ཅན་རྣམས་ཐར་པར་མཛད་དེ། སེམས་ཅན་དམྱལ་བ་དང་། དུད
279b7 འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་པར་མཛད་ནས། ཆོས་ཉན་པས་ཚིམ་པར་མཛད་དེ། བླ་ན་མེད་པ་ཡང




iiif viewer powered by OpenSeadragon

279a - 280a

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo