e-texts navigator
Collection
Volume
Page
Wylie

279a1 དང་རྒྱགས་པ་དང་། དྲེགས་པས་སྒྲིབས་པ་དང་། ཆགས་པ་དང་། མྱ་ངན་དང་། འཇིགས་པ་དང་། ཁྲོ་བས་བསྒྲིབས་པ་རྣམས། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི
279a2 གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་གནས་ནས་ཡོངས་སུ་ཐར་པར་བྱ་བའི་ཕྱིར། ཐབས་མཁས་པ་སྣ་ཚོགས་དང་། སྦྱོར་བ་སྣ་ཚོགས་དང་། ཏིང་ངེ་འཛིན་སྣ་ཚོགས་དང་། རྫུ་འཕྲུལ་གྱིས་རྣམ་པར་རོལ
279a3 པས་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བཀོད་ནས། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱངས་སུ་ཡོངས་སུ་མྱ་ངན
279a4 ལས་འདའ་བར་མཛད་དོ།། མི་དགེ་བའི་ཆོས་བརྒྱད་ལས། ཡོངས་སུ་ཐར་བར་མཛད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོ་སོར་འགོད་དེ། རིགས་ཀྱི་བུ་འདི་ལྟ་སྟེ
279a5 དཔེར་ན། བཟླ་བའི་དཀྱིལ་འཁོར་ནི་ཐབས་ལ་མཁས་པདང་ལྡན་པས། ཇི་ལྟར་ཁམས་ཀྱི་དགེ་བའི་རྩ་བས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་མི་སྣང་བ་ཡང་སྟོན།
279a6 བ་ཁམ་པ་ལྟ་བུའི་དཀྱིལ་འཁོར་ཀྱང་སྟོན། ཟླ་བ་མར་གྱི་ངོ་དང་། ཡར་གྱི་ངོ་ཡང་སྟོན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ་ཡང་སྟོན། མུན་ནག་ཐིབས་པོ་ཐམས་ཅད་རྣམ་པར་སེལ། རྩཝ་དང་།
279a7 ཤིང་གེལ་བ་དང་། སྨན་དང་འབྲུ་ལ་སོགས་པ་ཡང་སིམ་པར་བྱེད་དོ།། ཀྱེ་རྒྱལ་བའི་བུ་དག་དེ་བཞིན་དུ། དེ་བཞིན་གཤེགས་པས་ཀྱང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་བསྒྲིབས་པའི་སེམས་ཅན་རྣམས་དཔ།




iiif viewer powered by OpenSeadragon

278b - 279b

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo