e-texts navigator
Collection
Volume
Page
Wylie

278b1 ཚེའི་རིག་པ་ཡན་ལག་བརྒྱད་པ་ཐམས་ཅད་ལ། ཁས་འཆེས་ཤིང་ཁམས་ཐམས་ཅད་ལ་མཁས་ལ། སྨན་དང་ཡོ་བྱད་སྦྱོར་བ་ལ་བརྩོན་པ་ནི། སེམས་ཅན་ནད་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་རྣཾམ
278b2 ཀྱི་ཁམས་ཀྱང་ཤེས། རྔདུས་ཀྱང་ཤེས། ཚོད་ཀྱང་ཤེས། སྨན་ཀྱང་ཤེས། རླུང་ལས་གྱུར་པ་དང་། འཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ཁྲག་ལས་གྱུར་པ་དང
278b3 མ་ཞུ་བ་ལས་གྱུར་པ་དང་། སྐྲན་དང་དམུ་རྫིང་དང་། སྙིང་ནད་དང་མཛེ་དང་། གཡན་པ་དང་། ཤུ་བ་དང་། འབྲས་ལ་སོགས་པ་དང་། དུག་དང་མེ་དཔལ་བ་ལ་སོགས་པ་ཡང་ཤེས་སོ།། དེས
278b4 ཐམས་ཅད་ཤེས་ནཱ། སྨན་གྱི་རྫས་སྣ་ཚོགས་ཀྱི་བསྐྱུག་པ་དང་། བཀྲུ་བ་དང་། ཕྱེ་མ་སྦྱར་བ་དང་། སྣ་ནས་བཀྲུགས་པའི། ལས་དང་། གཏར་ཀ་གདབ་པ་དང་། མར་དང་། འབྲུ་མར
278b5 བསྐོལ་བ་དང་། སྨིན་པར་བྱ་བ་རྣམས་སྦྱོར་བའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་དེ་དག་ཐམས་ཅད་ཞི་བར་བྱེད་ཅིང་། ནད་སྣ་ཚོགས་ཀྱིས་འཇིགས་པ་ལས་ཡོངས་སུ་ཐར་པར་བྱེད་དོ།། ཀྱེ་རྒྱལ
278b6 བའི་བུ་དག་དེ་བཞིན་གཤེགས་པས་ཀྱང་ཏིང་ངེ་འཛིན་སྣ་ཚོགས་དང་། རྫུ་འཕྲུལ་གྱི་རྐང་པ་དང་། སྟོབས་དང་། མི་འཇིགས་པ་དང་། ལྷའི་མིག་དང་། རྣ་བ་རྣམས་ཀྱི་ཚེའི་རིག་པ་ཡན་ལག་བརྒྱད་པ་ལྡན་ཏེ། སེམས་ཅན
278b7 གྱི་ཁམས་དང་། བསམ་པ་དང་། སྦྱོར་བ་སྣ་ཚོགས་ལ་མཁས་པས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ནད་ཀྱིས་གཟེར་བའི་སེམས་ཅན་དང་། ང་རྒྱལ




iiif viewer powered by OpenSeadragon

278a - 279a

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo