e-texts navigator
Collection
Volume
Page
Wylie

278a1 མ་ཉན་པས་འདུག་ཁ་ཅིག་ནི་ཆོ་འབྲུས་གྱིས་འདུག་ཁ་ཅིག་ནིང་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་འདུལ། ཁ་ཅིག་ནི་རིང་སྲེས་གྱིས་འདུལ། ཁ་ཅིག་ནི་མཚོར་ཏེ་བྱེད་དུ་འཇུག་པ་དང་།
278a2 གཙུག་ལག་ཁང་དང་། འཆག་ས་དང་། བསྐྱེད་མོས་ཚལ་བྱེད་དུ་བཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པར་འདུལ། ཁ་ཅིག་ནི་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་གསེར་དང་དངུལ་དང་། ར་གན་གྱི་སྐུ
278a3 གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལྀ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གྲི་དགེ་འདུན་ལོ་མཆོད་པ་དང་། བཀུར་བསྟིར་བྱ་བའི་དགེ་བོའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་དྲོ
278a4 བ་དང་། འདྲེར་གཞུག་པ་དང་། ཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ་ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། དོ་ཤལ་ལ་སོགས་པ་བརྒྱན་པ་ལ་སྤྲོ་བ་བསྐྱེད
278a5 པས་འདུལ་བ་ཡིན་ཏེ། དོན་དམ་པ་ལ་མཁས་པའི་ཆོས་དང་ལྡན་པ་དང་། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ།། ཀྱེ་རྒྱལ་བའི་བུ་དག་ཡང་དེ་བཞིན་གཤེགས་པ་དག་ལ་ནི། མི
278a6 མཁྱེན་པ་འམ། མི་གཟིགས་པ་འམ། མི་གསན་པ་འམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། འོངས་པ་ཡང་མཁྱེན། མ་འོངས་པ་ཡང་མཁྱེན། འདས་པ་ཡང་མཁྱེན། ད་ལྟར་བྱུང་བ་ཡང་མཁྱེན
278a7 སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་མཁྱེན། སྤྱོད་པ་ཡང་མཁྱེན། ཁམས་ཀྱང་མཁྱེན། སྐྱེ་བ་ཡང་མཁྱེན། འབྱུང་བ་ཡང་མཁྱེན་ཏོ།། ཀྱེ་རྒྱལ་བའི་བུ་དག་འདི་ལྟ་སྟེ་དཔེར་ན། སྨན་པ་ལེགས་པར་སྤམ




iiif viewer powered by OpenSeadragon

277b - 278b

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo