| e-texts navigator |
| Wylie |
277a1 མངོན་པར་ཕབ་བོ།། དེ་ནས་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་འདི་དང་། ཨ་འབྲ་སྲུང་བ་མོའི་ཚལ་དེ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྲིད་དུ་རྒྱ་ཆེ་བར་བྱིན་གྱིས་བརླབས།
277a2 ས་བཞི་ལག་འཐིལ་ལྟར་མཉམ་ལ།། ལྷའི་ཡིད་དུ་འོང་བ་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ་དང་། ལྷའི་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤོས་ཀྱི་ཤིང་དང་། རིན་པོ་ཆེའི་ཤིང་དང་། དཔག་བསམ་གྱི་ཤིང
277a3 དང་། གོས་ཀྱི་ཤིང་རྣམས་ཀྱིས་མཛེས་པར་བྱས་པ། ལྷའི་སེང་གེའི་ཁྲི་དང་ལྡན་པ། རིན་པོ་ཆེ་དང་། དར་དང་མེ་ཏོག་གི་ཆུན་པོ་རབ་ཏུ་སྦྱངས་པ་ལྷའི་དྲིལ་བུའི་དྲ་བའི་སྒྲས་བརྒྱན་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན
277a4 བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་བཞིན་དུ་ཡིད་འཕྲོག་པཱ། བྱེད་པ། ཚིམ་པར་བྱེད་པ། མགུ་བར་བྱེད་པ། མངོན་པར་དགའ།། བར་བྱེད་པ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང
277a5 སངས་རྒྱས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།
277a6 དགེ་བསྙེན་མ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་བར་དུ་དེ་དག་གིས་གང་བར་བྱིན་གྱིས་བརླབས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང
277a7 ཕྱུག་དང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་ངེ་འཛིན་དེ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ལན་གསུམ་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས