| e-texts navigator |
| Wylie |
276b1 པར་ལེན་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། མི་དགེ་བའི་ཆོས་བརྒྱད་ལ་གནས་པ་དེ་དག་ཐམས་ཅད་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར
276b2 གྱུར། ཐམས་ཅད་ཀྱང་དགོད་པ་དང་། ཀུ་རེ་དང་། དགའ་བ་དང་། རྩེ་བ་དང་། འདོད་པ་དང་། ཁྲོ་བ་དང་། ཕྲ་དོག་དང་། ཆགས་པ་ཡོངས་སུ་སྤངས་ནས། དེ་བཞིན་གཤེགས་པ་ལ་བལྟ་བ་དང་།
276b3 བསྟེན་པ་དང་། བསྙེན་བཀུར་བྱ་བ་ལ་སྤྲོ་བར་གྱུར། ཐམས་ཅད་ཀྱང་ཆོས་ཉན་འདོད་པར་གྱུར་ཏོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
276b4 མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ། དང་། ཀླུའི་རྒྱལ་པོ་དང་། རྒྱལ་པོ་མཁར་གྱི་བདག་པོ་དང་། རྒྱལ་ཕྲན་དང་། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ
276b5 དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེན། པ་ལ་མཆོད་པའི་ཕྱིར། ལྷའི་མེ་ཏོག་དང་། ཕྲེང་བ་དང
276b6 བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། སིལ་བསྟན་དང་། དར་གྱི་ཆུན་པོ་རྣམས་ཐོགས་ཏེ། གྲོང་ཁྱེར་ཆེན་པོ་བ་ར་ན་སི་ཞེས་བྱ་བ་གང་ན་བ་དང་། ཨ་འབྲ་སྲུང་བ་མོའི
276b7 ཚལ་གང་ན་བ་དེར་དོང་ནས་བདག་བདག་གིས་བསོད་ནམས་ལས་སྐྱེས་པའི་དགེ་བའི་རྩ་བས་དེ་བཞིན་གཤེགས་པ་དང་། འཁོར་གྱི་དཀྱིལ་འཁོར་རྣམས་ལ་མངོན་པར་མཆོད་དེ། མེ་ཏོག་གི་ཆར་ཆེན་པོ