| e-texts navigator |
| Wylie |
276a1 འདིར་ནི་བདེ་བར་གཤེགས་ལ་མཆོད་པའི་ཕྱིར།། དྲི་དང་ཕྲེང་བ་གོས་མཆོག་བརྒྱན་ཁྱེར་ལ།། མིའི་འདྲེན་པ་འདི་ལ་མཆོད་པ་བྱོས།། སངས་རྒྱས་འབྱུང་བར་འགྱུར་བ་རབ་དཀོན་ནོ།། འདོད
276a2 ཕྱིར་བསྐལ་པ་བྱེ་བ་མང་པོར་ཡང་།། རྟག་ཏུ་སྡུག་བསྔལ་ཐོབ་ཅིང་འཐོབ་པར་འགྱུར།། མཁས་པས་རྟག་ཏུ་ཐར་པར་འདོད་པར་གྱིས།། མི་མཆོག་སངས་རྒྱས་ལ་ནི་མཆོད་པ་བྱོས།། བུ་དང་བུ་མོ་དེ
276a3 བཞིན་གཉེན་རྣམས་དང་།། ཕ་མ་ཆུང་མ་བཤེས་མང་སྐྱེ་བོ་རྣམས་ཐམས་ཅད་སྒྱུ་མ་འདྲ་བས་དོན་མེད་དེ།། རྟག་པར་གཞན་དང་གཝཱ་དུ་སྐྱེ་བར་འགྱུར།། དེ་ལྟར་གསེར་དང་དངུལ་ཡང་ཀློག་དང་འ
276a4 འདི་ལ་སྙིང་པོ་འགའ་ཡང་སྣང་བ་མེད།། བྱང་ཆུབ་གོ་འཕང། ཐོབ་པར་བྱ་བའི་ཕྱིར།། མི་རྣམས་འདྲེན་པ་ལ་ནི་མཆོད་པ། བྱོས།། དེ་ནས་དེའི་ཚེ་ན་འོད་ཟེར་ལས་བྱུང་བའི་ཚིགས
276a5 བཅད་པས། བསྐུལ་བ་གཅིག་ནས་གཅིག་ཏུ་བརྒྱུས་པ་འདིས།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་ནས།། སེམས་ཅན་ཐམས་ཅད་ལ་བསྐལ་བར་གྱུར་ཏེ།
276a6 སེམས་ཅན་གང་དག་ལོག་པར་ལྟ་བ་དེ་དག་ནི།། ཡང་དག་པའི་ལྟ་བ་ལ་བཀོད་པར་གྱུར། གང་དག་ང་རྒྱལ་དང་། རྒྱགས་པ་དང་། ཁེངས་པ་དང་། འགྱིང་བ་དེ་དག་ནི་ང་རྒྱལ་དང་། རྒྱགས་པ་དང་།
276a7 ཁེངས་པ་རྣམས་དང་བྲལ་བར་བྱེད་པར་གྱུར།། གང་དག་འདོད་ཆགས་ལ་རྗེས་སུ་སྤྱད་ཅིང་། བག་མེད་པར་གྱུར་པ་དེ་དག་ནི། འདོད་ཆགས་དང་བྲལ་བར་གྱུར། གང་དག་སྲོག་གཅོད་པ་དང་། མ་བྱིན