e-texts navigator
Collection
Volume
Page
Wylie

275b1 ས་མིགས་ཆོས། སེ་ལས་པདག་གི་ཞེས་ས་ར་།། ས་རྒྱམ་།། དུ།
275b2 འཆད་ཀྱིས་བདེ་བར་གཤེགས་པ་མཆོད་པར་འདོད་རྣམས་དང་།། མི་འདུལ་ཁ་ལོ་བསྒྱུར་བ་དེ་མཐོང་ནས།། ཏིང་འཛིན་ཞི་བ་བསྒོམ་པ་ཐོབ་འགྱུར་གྱིས།། དེ་ཕྱིར་སྡུག་བསྔལ་རྒྱ་མཚོར་མི་གང་རྣམས།། སྡུག
275b3 མས་ཏར་པ་འང་ས།། མིརྣམས་ཀྱིན་དཔ་པ་ཀྱི་ཟགན་པ་བཅོད་དདུ་དདུ།། གནན་ཀྱིར་གས་བྱི་པན་མ་བྱེད།། གཞན་གྱི་ཟུང་མེད་དག་པ་པོ
275b4 སངས་རྒྱས་ཆོས་ལ་ནག་ཏུ་གུས་པར་བྱོས།། ང་རྒྱལ་རྒྱགས་དང་བརླང་བ་སྤངས་ནས་ཀྱང་།། བར་ནས་ཞེས་ནི་བྱ་བ་ཡི།། ཨ་འདྲ་སྲུང་བ་མོའི་ཚལ་དུ་དང་།། མི་མཆོག་ལ་ནི་མྱུར་དུ་བལྟ་བར
275b5 གྱིས།། དེ་ཡི་བཀོད་པ་རྒྱ་ཆར་ཡིད་དུ་འོང་།། དགེ་སློང་དགེ་འདུན་དག་ཏུ་རྫུ་འཕྲུལ་ཅན།། བྱང་ཆུབ་སེམས་དཔའ་རྒྱ་ཆེན་དུ་འཕྲུལ་ཚེ།། སེམས་ཅན་མི་མཁས་ཁོང་དུ་ཆུད་བྱི་དང་།། སོས།
275b6 ཅན་བྱེ་བ་མང་པོ་ཐར་བྱའི་ཕྱིར།། འོད་ཟེར་རྟག་ཏུ་གང་གིས་བཏང་འདི།། མཚན་ནི་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ།། གང་དག་ང་རྒྱལ་རྒྱགས་ཁྱེངས་འགྱིང་གྱུར་ཅིང་།། སངས་རྒྱས་ཆོས་ལ
275b7 རིམ་གྲོ་མི་བྱེད་པ།། ལག་ན་རྡོ་རྗེ་མགོན་པོ་སེམས་ཅན་མཆོག། རྟག་ཏུ་འོད་ཟེར་གཏོང་ཞིང་གོ་བར་བྱེད།། དེའི་གཟུགས་ནི་ཡངས་ཤིང་རྫུ་འཕྲུལ་ཆེ།། བསྐལ་པ་བྱེ་བར་དེ་ནི་བཤད་མི་རྫོགས།།




iiif viewer powered by OpenSeadragon

275a - 276a

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo