e-texts navigator
Collection
Volume
Page
Wylie

275a1 ཀྱི་ཤུགས་ཀྱིས་འཁོར་གྱི་དཀྱིལ་འཁོར་འདིར་བསྡུ་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེ་བཞིན་གཤེས
275a2 པ་ལས་ཚིག་འདི་ཐོས་ནས། སེམས་ཅན་ཐམས་ཅད་ལ་བལྟ་བ་དང་། ཡང་དག་པར་བསྐུལ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེའི་མཐུས་ས་ཆེན་པོ་འདི་རྣམ་པ་དྲུག།
275a3 ཏུ་གགཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས་སོ།། དེ་ནས་ལུས་ལ་འོད་ཟེར་བརྒྱ་སྟོང་དུ་མ་བྱུང་ངོ་། བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་སྣང་བར་བྱས་ཏེ།
275a4 ཚངས་པའི་འཇིག་རྟེན་མན་ཆད་གཟུགས་ཡོད་པ་དང་། གཟུགས། ཀྱིས་ཁྱབ་པ་མན་ཆད་དུ་སྣང་བར་བྱས་ཏེ། འོད་ཟེར་དེ་དག་ལས། ཀྱང་། ཡང་དག་པར་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག
275a5 བྱུང་ངོ་།། བག་ཡོད་པ་དང་ཉོན་མོངས་མེད་པར་བྱོས།། བག་མེད་པའི་དབང་དུ་མ་འགྲོ་ཤིག། སྐྱེ་དང་རྒ་ཤིས་གཙེས་པ་སྡུག་བསྔལ་ཏེ།། བདེ་བར་གཤེགས་པའི་བསྟན་པ་འབྱུང་བར་དཀོན།། བསྐལ་པ།
275a6 བྱེ་བ་ཕྲག་བརྒྱ་གྲངས་མེད་དུ།། སྲིད་པའི་རྒྱ་མཚོར་ངེས་པར་འཁོར་བ་དང་།། ཉོན་མོངས་དོག་པ་རྟག་ཏུ་འཁོར་བ་ན།། འཚོ་བ་མ་རུངས་པས་ནི་སྐྲག་མི་འགྱུར།། རྙེད་དང་ཆགས་དང་བུད་མེད་རྟག་པ་མིན།
275a7 རྟག་ཏུ་གླུ་གར་སྒྱུ་མའི་ཆོས་དང་ལྡན།། བསྐལ་པ་དུ་མར་བདེ་བ་མྱོང་ནས་ཀྱང་།། ཕྱིས་ནི་སྡུག་བསྔལ་རྗེས་སུ་ཐོབ་པར་འགྱུར།། རྣམ་པར་སླུ་བར་འགྱུར་བ་འདི་ལ་ལྟོས།། འདི་ལ་མར་གྱུར་པ་ཡང་ཆུང་མ།




iiif viewer powered by OpenSeadragon

274b - 275b

Texts on this page

Ng47.9 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo