| e-texts navigator |
| Wylie |
274b1 བར་ན་སེར་གཤེགས་ཏེ། བ་ར་ན་སེའི་ཤིང་ཨ་འབྲ་སྲུང་བའི་ཚལ་ན་བཞུགས་སོ།། དེ་ནས་དེའི་ཚེ་ན་ས་ཆེར་གཡོས་པར་གྱུར་ནས། སེང་གེའི་ཁྲི་ཆེན་པོ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཕང་དུ་དཔག་ཚད
274b2 གཅིག་ཙམ་ཞེང་དུ་དཔག་ཚད་ཙམ་གྱི་ཚད་ལེགས་པར་སྤྲས་པ། ཤིན་ཏུ་དགའ་བར་འགྱུར་བ་ཡིད་དུ་འོང་བ། དར་གྱི་ཆུན་པོ་བཏགས་ཤིང་སྤངས་པ།། ལྷའི་ན་བཟའ་བརྒྱ་སྟོང་དུ་མ་བཏིང་བ། ལྷའི་མེ་ཏོག་གི་ཆུན་པོ་བྱེ་བ
274b3 དུ་མ་ཡོངས་སུ་སྦྱངས་པ། ལྷའི་དྲི་དང་ལྡན་པ། ཁ་དོག་དང་ལྡན་པ། དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་སྐྱེས་པ། དེ་མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོ
274b4 པར་འགྱུར་བ་ཞིག་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་ཏེ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ
274b5 འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་བཀའ་བསྔལ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཁྱོད་སོང་ལ། མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུའི་འཇིག
274b6 རྟེན་གྱི་ཁམས་གཞན་དག་ན། ཁྱོད་ཀྱིས་འདུལ་བར་འགྱུར་བའི་སེམས་ཅན་བསྙིགས་མའི་རང་བཞིན་ཅན། མ་དད་པ་སྡིག་པ་སྤྱོད་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དག་གིས་སྒྲིབས་པ་མར་མི་ཤེས་པ།
274b7 པར་མི་ཤེས་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མ་འཛིན་པ། དཀོན་མཆོག་གསུམ་ལ་མངོན་པར་མ་དད་པ་དེ་དག་ཐམས་ཅད་ལག་ན་རྡོ་རྗེ་དང་གཉིས་ཀྱིས་རྫུ་འཕྲུལ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྟོབས