| e-texts navigator |
| Wylie |
274a1 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བའི་མདོ་རྫོགས་སྷོ།། །། རྒྱ་གར་སྐད་དུ།། ཨརྱ
274a2 བུད་དྷ་བ་ལཱ་དཱ་ན། པྲཱ་ཏི་ཏཨཱརྱ་འབི་ཀུ་རྦ་ན་མིར་དྷེ་ཤ་ན་མ་མ་ཧཱ་ཡཱ་ན་སུ་ཏྲ།། བོད་སྐད་དུ།། ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ། པར་འཕྲུལ་པ་བསྟན་པ་ཞེས་བྱ་བ
274a3 ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཙོལྡན་འདས་ཆུ་བོ་ཆེན་པོའི་ཀླུང་ནེ་རན
274a4 ཛ་ནའི་འགྲམ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། དང་། ལག་ན་རྡོ་རྗེ་དང་། བྱམས་པ་དང་། འཇམ་དཔལ་། ལ་སོགས་པ། བྱང་ཆུབ་སེམས་དཔའ
274a5 བདུན་སྟོང་དང་། རབ་འབྱོར་དང་། ཤ་རིའི་བུ་དང་། མེའུ་འགལ་གྱི་བུ་ལ་སོགས་པ། ཉན་ཐོས་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག
274a6 རྟེན་སྐྱོང་བ་ཐམས་ཅད་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཐམས་ཅད་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ། ཞལ་ཟས་ཀྱི་བྱ་བ་བྱས་ནས། འཁོར་གྱི་དཀྱིལ་འཁོར་དེ་དག་ཆོས་དང
274a7 ལྡན་པའི་གཏམ་གྱིས་ཚིམ་པར་བྱས། བསྐུལ་གཟེང་བསྟོད།། ཡང་དག་པར་དགའ་བར་བྱས་ཏེ། འཁོར་གྱི་དཀྱིལ་འཁོར་དང་ཐབས་གཅིག་ཏུ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་གྲོང་ཁྱེར།