e-texts navigator
Collection
Volume
Page
Wylie

273b1 རྒྱས་འབྲས་བུར་སྐྲུན།། རང་གིས་རང་ལ་བསླུས་འདེབས་ཅིང་།། བསླབ་པ་དག་ལ་མི་གནས་ཤིང་།། བདེ་བར་གཤེགས་པའི་རྒྱལ་མཚན་འཛིན།། གཟུགས་ཙམ་ལ་ནི་བརྟེན་ནས་སུ།། ང་ནི་དགེ་སློང་ཡིན་ཟེར
273b2 གླང་བསྙོན་སྣ་ལ་གཏགས་པ་འམ།། སྦྲུམ་མ་སྦྱར་བརྩི་འཐུངས་པ་ལྟར།། མི་དེ་ཉི་མ་གཅིག་ལ་ཡང་།། སྡིག་པའི་ས་བོན་དཔག་མེད་དང་།། རང་ལ་གནོད་པ་སྣ་ཚོགས་པ།། བྱེད་པར་འགྱུར་བ་ཁོ་ན་ཡིན།
273b3 གང་ཞིག་བསླབ་ལ་མི་གནས་ཤིང་།། བདེ་བར་གཤེགས་པའི་རྒྱལ་མཚན་འཛིན།། བསླབ་པའི་མི་གནས་སྐད་ཅིག་ལ།། གཟུགས་བོར་ཁྱིམ་པར་གནས་པ་བཟང་།། བསླབ་མི་གནས་ལ་རྟགས་འཛིན
273b4 པའཇིག་རྟེན་པ་ནི་ཐམས་ཅད་ཀྱི།། སྙིང་དུ་བསྡུག་པར། མི་འགྱུར་ཞིང་།། ཀུན་གྱི་ཚིག་གི་ངན་སྣོད་ས།། དཔེར་ན་སྣོད་པོ་བཟང་པོ་ལ།། ཡུན་རིངས་ཡལ་ག་འཁྲུངས་པ་བཞིན།
273b5 མི་དེ་རྟགས་ཙམ་འཛིན་པ་ནི།། ཁ་ན་མ་ཐོའི་གཏམ་འཕེལ་དང་།། སྡིག་པའི་ལས་རྣམས་འཕེལ་བར་བཤད།། ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།
273b6 ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ཚུལ་ཁྲིམས་འདི་ནི་མཆོག་ཡིན་པས།། མིག་གི་འབྲས་བུ་བཞིན་དུ་བསྲུངས།། སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི།། གཏོང་བ་མི་མཁས་བླུན་པོ་ཡིན་ཁྲོག་ཅ་ཕྱི་མ་སྐྱེ་སྟེ།
273b7 ཚུ་ཁྲིམས་ཕྱི་མར་དེ་ལྟ་མིན།། དེ་བས་ཉེ་བར་འཁོར་སོགས་ཀྱིས།། དེ་ཉིད་ལ་ནི་བརྟན་པར་ཟུང་།། དེ་སྐད་ཅེས་བཅོམ་ལྡན་འདས། བཀའ་བསྩལ་ནས།། ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དག་ཡིད་རངས་ཏེ།




iiif viewer powered by OpenSeadragon

273a - 274a

Texts on this page

Ng47.8 - dge slong la rab tu gces pa'i mdo zhes bya ba